ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧ་མུའུ་ཏུའུ་ཁི་ལ་ཁ་པར་བཏང་བ།​

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4པའི་ཚེས16ཉིན་གྱི་དགོང་མོར་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧ་མུའུ་ཏུའུ་ཁི་ལ་ཁ་པར་བཏང་།

 ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སུའུ་ཏན་རྒྱལ་ཁབ་བར་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད། ཉེ་ལམ་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཨ་ཧྥེ་རི་ཁར་མགྱོགས་མྱུར་ངང་མཆེད་བཞིན་ཡོད་པས་སུའུ་ཏན་མི་དམངས་ལའང་རིམས་ནད་ཀྱི་ཉེན་ཁ་འཕྲད་ཡོད། ཀྲུང་གོ་མི་དམངས་ཀྱིས་དེའི་ཐད་ལ་གཞན་སྡུག་རང་མྱོང་གི་བསམ་ཚུལ་བཅངས་ནས་སུའུ་ཏན་མི་དམངས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་ཅི་ནུས་བྱ་རྒྱུ་ཡིན། ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས་རིམས་ནད་ཀྱི་མདུན་དུ་ཁེར་རྐྱང་གི་རྒྱལ་ཁབ་གཅིག་གིས་རང་སྲུང་བྱེད་དཀའ་བ་རེད། ཀྲུང་གོའི་མི་དམངས་ཀྱིས་ཨ་ཧྥེ་རི་ཁ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ་བྱས་ནས་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་གྱི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།

ཧ་མུའུ་ཏུའུ་ཁི་ཡིས་སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཧུར་ཐག་སྒོས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་དམིགས་བསལ་གྱིས་རྒྱལ་ཁབ་ལ་མིང་ངན་བཟོ་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལ་རོགས་སྐྱོར་བྱས་པ་བཀའ་དྲིན་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་དང་ཉམས་མྱོང་སྤེལ་རེས་ཐད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་གྱི་མཛའ་བཤེས་གཏིང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

 ཝང་དབྱི་དང་ཧོ་ལི་ཧྥུང་གཉིས་གོང་གི་བྱ་འགུལ་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།