ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་བཅོ་བརྒྱད་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་འཕྲོད་བསྟེན་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་དེའི་དུས་ཚོད་བཅུ་བདུན་བར་དུ་རྒྱ་གར་དུ་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་བཅོ་བརྒྱད་འཕར་སྣོན་བྱུང་བ་དང་སྡོམ་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་སོ་གསུམ་ལ་སླེབས་ཤིང་། སྡོམ་པས་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཞེ་བཞི་དྲག་པ་དང་ནད་པ་སུམ་བརྒྱ་དང་གོ་གཉིས་རྐྱེན་ལམ་དུ་ཤོར།

རྒྱ་གར་སྲིད་གཞུང་གིས་ཉིན་དེར་བཀག་སྡོམ་མཛུབ་སྟོན་བསམ་འཆར་བཏོན་ཏེ། རྒྱལ་ནང་གི་གྲོང་ཁྱེར་སོ་སོའི་བར་དུ་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་རྗེས་སུ་དངོས་རྫས་སྐྱེལ་འདྲེན་བྱེད་ཆོག་པ་དང་ཞིང་ལས་དང་ཉ་ལས། ཕྱུགས་ལས་སོགས་ཀྱང་ཚེས་ཉི་ཤུའི་རྗེས་སུ་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་རེད།

རྒྱ་གར་རྒྱལ་ནང་གི་སློབ་གསོ་དང་རོལ་རྩེད། འགུལ་སྐྱོད། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཚང་མ་ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་སྔོན་ལ་སྔར་བཞིན་དུ་སྒོ་རྒྱག་པ་དང་དེའི་སྐབས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།