ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་དང་སྟོང་གཅིག་བརྒྱ་དང་དོན་གཅིག་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་དང་སྟོང་གཅིག་བརྒྱ་དང་དོན་གཅིག་ལ་སླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་བསྒྲགས་པའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་ཆུ་ཚད་བཅུའི་བར་ཀྲུང་གོ་ལས་གཞན་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ཁྲི་བདུན་དང་སོ་གསུམ་འཕར་སྣོན་བྱུང་བ་དང་སྡོམ་པས་ནད་པ་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་དང་སྟོང་གཅིག་བརྒྱ་དང་དོན་གཅིག་ལ་སླེབས། ཀྲུང་གོ་ལས་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་དགུ་བརྒྱ་གྱ་བརྒྱད་འཕར་སྣོན་བྱུང་བ་དང་སྡོམ་པས་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་དང་དྲུག་བརྒྱ་ང་བརྒྱད་ལ་སླེབས།

འཛམ་གླི་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ་ཁྲི་བདུན་དང་གྱ་གཉིས་འཕར་སྣོན་བྱུང་བ་དང་། སྡོམ་པས་ནད་པ་ས་ཡ་གཅིག་དང་འབུམ་དགུ་ཁྲི་གཅིག་སྟོང་བཞི་དང་དགུ་བརྒྱ་བཅུ་དྲུག་ལ་སླེབས། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་ལྔ་དང་དགུ་བརྒྱ་གྱ་དགུ་འཕར་སྣོན་བྱུང་བ་དང་སྡོམ་པས་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ལྷག་ལ་སླེབས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།