ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་ཧྥ་རན་སིའི་ཙུང་ལི་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་རོགས་ལས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་ཧྥ་རན་སིའི་ཙུང་ལི་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་རོགས་ལས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སི་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་སྤྱི་སྒྲོག་ལྟར་ན། མུས་ཧྲུའུ་སི་ཅིན་དང་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་རྒྱལ་ཁབ་རང་རང་གིས་སྤྱད་པའི་རིམས་འགོག་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་རིམས་ནད་འགོག་རྒོལ་ཕྱོགས་སུ་རོགས་ལས་དམ་པོ་བྱེད་པའི་ཚུལ་བསྟན།

སྤྱི་སྒྲོག་ནང་བསྟན་དོན། མུས་ཧྲུའུ་སི་ཅིན་དང་ཧྥེ་ལིས་ཕུའུ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད་རྒྱལ་ཁབ་རང་རང་གིས་སྤྱད་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་དུང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཁྱབ་ཁོངས་སོ་སོའི་རོགས་ལས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུའི་ཚུལ་བསྟན།

ཉིན་དེར། ཧྥེ་ལིས་ཕུའུ་ཡིས་སྤྱི་ཚོགས་སྨྱན་བྱད་ཅིག་གི་སྟེང་བཤད་དོན། ཁོ་དང་མུས་ཧྲུའུ་སི་ཅིན་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་དང་། ཧྥ་རན་སི་དང་ཨུ་རུ་སི་གཉིས་ཀྱིས་རིམས་ནད་འགོག་རྒོལ་ཕྱོགས་སུ་མཉམ་ལས་དང་མཐུན་སྒྲིལ་དམ་པོ་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།