ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཉེན་རྟོག་ཕྱོགས་དང་འཇིགས་སྐུལ་ཉེན་ཅན་བར་འཁྲུག་རྩོད་བྱུང་ནས་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་སྤྱི་ཁྱབ་ཞིབ་བཤེར་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཁེ་རོ་ནས་འཇིགས་སྐུལ་ཉེས་ཅན་དང་དམག་འཛིང་བྱས་ནས་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གསུམ་ལ་རྨས་ཕོག་ཟེར།

གསར་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་དོན་རྐྱེན་དེ་ཁེ་རོའི་ཨ་མིས་ལིས་ཡཱ་སྡོད་ཁུལ་དུ་བྱུང་བ་དང་། ཨེ་ཅིབ་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོས་དོན་རྐྱེན་འདིར་བརྟག་བཤེར་བྱེད་རྒྱུའི་རེ་བ་བཏོན་ལ། གསལ་སྒྲོག་ནང་འཇིགས་སྐུལ་ཉེན་ཅན་གྱི་འཆི་རྨས་གནས་ཚུལ་གསལ་བོར་བཤད་མེད་ཟེར།

ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཁེ་རོའི་ཨ་མིས་ལིས་ཡཱ་སྡོད་ཁུལ་གྱི་ཐོག་ཁང་ཞིག་ཏུ་ཐོལ་རྒོལ་བྱས་ནས། ཐོག་ཁང་ནང་སྦས་སྐོང་བྱས་ཡོད་པའི་འཇིགས་སྐུལ་ཉེན་ཅན་ཚང་མ་བསད་ཟེར། གསར་འགྱུར་ནང་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་དེ་དག་གིས་ཨེ་ཅིབ་ཀྱིས་མཚན་འགྲུལ་བཀག་སྡོམ་སྐབས་སུ་འཇིགས་སྐུལ་བྱ་འགུལ་སྤེལ་རྒྱུའི་འཆར་གཞིའི་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ཧ་ཅང་ཛ་དྲག་ཆེ། 2019ལོའི་ཚུན་དུ། ཨེ་ཅིབ་ཀྱི་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཐེངས་མང་སྤེལ་ནས། འཇིགས་སྐུལ་ཉེས་ཅན་བརྒྱ་ལྷག་བསད་ཟེར།

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རྒྱ་མཆེད་པ་ཚོད་འཛིན་བྱེད་ཆེད། ཨེབ་ཅི་ཡིས་རྒྱལ་ཡོངས་ཁྱབ་ཁོངས་ནང་མཁའ་འགྲུལ་བཀག་སྡོམ་ལག་བསྟར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།