དབྱི་སི་རལ་ལ་པྲོག་གསར་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་ལས་བརྒལ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན་གྱི་དགོང་མོ་དབྱི་སི་རལ་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་གཞི་གྲངས་གསར་པ་ལྟར་ན། དབྱི་སི་རལ་དུ་ཉིན་དེར་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ460ཡིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ12046གཏན་འཁེལ་བྱས་པའི་ནང་། ནད་གཞི་ལྕི་མོ་ཕོག་པའི་ནད་པ175ཡོད་པ་དང་། ཉིན་དེར་ནད་པ340ལ་དྲག་སྐྱེད་བྱུང་། ད་སྔའི་བར་ནད་པ2195ལ་དྲག་སྐྱེད་བྱུང་བ་དེ་ནི་དབྱི་སི་རལ་དུ་རིམས་ནད་བྱུང་རྗེས་ཀྱི་ནད་པ་སངས་དྲག་བྱུང་བ་ཆེས་མང་ཤོས་ཀྱི་ཉིན་ཞིག་རེད། རིམས་ནད་ལས་ཤི་བའི་ནད་པ7གསར་དུ་འཕར་ཡོད་ཅིང་། རིམ་རྩིས་བྱས་ན123རིམས་ནད་ཁྲོད་ཚེ་ལས་འདས་ཡོད།

བསྒྲགས་པ་ལྟར་ན། སྐྱེས་ནས་ཉིན་བརྒྱད་སལ་མ་སོང་བའི་ཕྲུ་གུ་དམར་འབྱར་ཞིག་ལ་ཉིན་དེར་རིམས་ནད་འགོས་པ་གཏན་འཁེལ་བྱས་པ་དེ་ནི། དབྱི་སི་རལ་གྱིས་མིག་སྔར་ནད་གཞི་གཏན་འཁེལ་བྱས་པའི་ཁྲོད་ལོ་ན་ཆེས་ཆུང་ཤོས་སུ་གྱུར་ཡོད།

ས་དེའི་ཚེས14ཉིན་གྱི་ཆུ་ཚོད17ནས་ཚེས16ཉིན་གྱི་ཆུ་ཚོད5བར། དབྱི་སི་རལ་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་གྲོང་ཁྱེར་བཀག་སྡོམ་གྱི་ལས་སྒོ་ལག་བསྟར་བྱས་ནས།་མང་ཚོགས་ཚང་མ་རང་ཉིད་གནས་སའི་གྲོང་ཁྱེར་ནས་ཁ་བྲལ་མི་ཆོག་པ་བཟོས། དབྱི་སི་རལ་གྱིས་ས་དེའི་ཚེས7ཉིན་གྱི་ཆུ་ཚོད19ནས་ཚེས10ཉིན་གྱི་ཆུ་ཚོད6པའི་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཁྱེར་བཀག་སྡོམ་སྒོ་བཅད་ཀྱི་བྱེད་ཐབས་ཐོག་མར་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།