ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མ་ཅི་རིགས་གང་སར་མཆེད་རྒྱུར་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་མ་ཅི་རིགས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཁྱབ་བཞིན་ཡོད་པས། རྒྱལ་ཁབ་སོ་སོའི་མང་ཚོགས་ཀྱིས་ངེས་པར་དུ་ཚན་རིག་ལ་ཡིད་ཆེས་དང་ཕྱར་བ་གྲུ་འདེགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པ་ཚུན་གྱི། མིའི་རིགས་ཀྱི་འགྲན་སློང་རང་བཞིན་ཆེ་ཤོས་ལྡན་པའི་ཉམས་ཉེན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཀུའུ་ཐི་ལེ་སི་ཡིས་བརྙན་ལམ་ནས་གཏམ་བཤད་སྤེལ་སྐབས།རིམས་ནད་གསར་པ་བྱུང་བ་ནས་བཟུང་རྒྱལ་ཁབ་སོ་སོའི་མང་ཚོགས་ལ་ཡོངས་ཁྱབ་ངང་འཇིགས་སྣང་སྐྱེ་བའི་དུས་མཚུངས་སུ། མཛུབ་སྟོན་དང་རོགས་རམ་ཅི་ཕན་འཚོལ་ཞིབ་བྱེད་ཀྱིན་ཡོད། འཛམ་གླིང་སྒང་གིས་ཚན་རིག་ལ་བརྩི་འཇོག་དང་མཐུན་སྒྲིལ་བྱེད་དགོས་ངེས་ཡིན་པའི་སྐབས་འདིར། ཆ་འཕྲིན་རྫུན་མ་ཅི་རིགས་གོ་ལ་ཧྲིལ་པོར་ཁྱབ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་པ་ཡོད་པའི་གྲོས་འགོ་དང་། མགོ་སྐོར་གཏོང་བའི་འཆར་གཞི། དེ་བཞིན་འཁོན་འཛིན་གྱི་གཏམ་བརྗོད་སོགས་ལ་ངེས་པར་དུ་དོགས་ཟོན་བྱ་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཀུང་ཟིས་རིམས་ནད་དང་འབྲེལ་བ་ཡོད་པའི་འཁོན་འགྲས་དང་གནོད་འཚེ་ཡོད་པའི་གཏམ་བརྗོད་གཞན་དག་གཙང་སེལ་བྱ་རྒྱུར་འབད་འབུངས་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཀྱང་གཞན་དོན་ཁུར་འཁྱེར་དང་དོན་དངོས་གཞི་འཛིན་སར་བརྩིས་ཏེ། བཅོས་སྒྲིག་བྱེད་མཁན་སྒྲིག་གཞིར་ཡིད་ཆེས་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་གལ་ཏེ་མིའི་རིགས་ཀྱིས་ཐུན་མོང་ཐོག་དོན་དངོས་དང་བདེན་ལུགས་དོན་གཉེར་བྱས་པ་ཡིན་ན། གཞི་ནས་རིམས་ནད་གསར་པ་ལས་རྣམ་པར་རྒྱལ་ངེས་ཡིན་པ་ལས་གཞན། སྔར་ལས་སྐྱོན་བྲལ་དང་སྔར་ལས་དྲང་སྙོམས། སྔར་ལས་དྲང་གཞག སྔར་ལས་གསོན་ཤུགས་ལྡན་པ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་ཐུབ་ངེས་ཡིན་ཟེར།

ཉིན་དེར་ཀུའུ་ཐེ་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“དོན་དངོས་དང་ཚན་རིག་ལ་བརྟེན་ནས་དྲ་སྦྲེལ་བཙན་བཟུང་བྱེད”ཅེས་པའི་འཆར་གཞི་ཞིག་ལག་ལེན་དུ་བསྟར་འགོ་བརྩམས་ནས། མི་སྔར་ལས་མང་བ་ཞིག་གི་རིན་བྲལ་ཚེ་སྲོག་ཉེན་ཁར་གཏོད་བཞིན་པའི། ཆ་འཕྲིན་རྫུན་མའི་རིགས་ལ་ཁ་གཏད་གཅོག་རྒྱུུ་ཡིན་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།