ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས14ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས14ཉིན་ཁྱབ་བསྒྲགས་བྱས་དོན། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་ཡོན་སྤྲོད་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ཐེ་རོན་ཕུ་ཡིས་ཉིན་དེའི་ས་སྲོས་སུ་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོང་གིས་བཤད་རྒྱུར། ཨ་རིས་ལོ་རེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་ཡོན་ཨ་སྒོར་དུང་ཕྱུར4ལྷག་ཙམ་སྤྲོད་ཀྱིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རོགས་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཁྲོད་ཀྱི་བྱ་སྤྱོད་ལ་རྩད་གཅོད་བྱེད་པའི་འགན་འཁྲི་ཡོད།
ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྐྱོན་འཛུགས་བྱས་པ་མ་ཟད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་ཡོན་སྤྲོད་མཚམས་བཞག་པར་དམིགས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་ཟླ་འདིའི་ཚེས8ཉིན་རེ་སྐུལ་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་དེ་ཆབ་སྲིད་ཀྱི་རྡེའུ་བྱེད་མི་རུང་སྟེ། རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་སོ་སོའི་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གིས་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ཞེས་གསུངས་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཐེ་རོན་ཕུ་ཡིས་ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་ཡོན་སྤྲོད་མཚམས་བཞག་པ་ཁྱབ་བསྒྲགས་བྱས་པ།