ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་པྲོག་གསར་རིམས་ནད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བརྒྱད་སྟོང་དགུ་བཞི་བརྒྱ་གྱ་བདུན་ལ་སླེབས་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་གསར་དུ་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་གསལ་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་པྲོག་གསར་རིམས་ནད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བརྒྱད་སྟོང་དགུ་བཞི་བརྒྱ་གྱ་བདུན་ལ་སླེབས་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པར་གཞིགས་ན། ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་13ཉིན་གྱི་ཆུ་ཚོད10བར(པེ་ཅིང་གི་དུས་ཚོད་ཆུ་ཚོད16པ)ཀྲུང་གོ་ཕུད་པའི་པྲོག་གསར་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་76383འཕར་ནས་ད་ཡོད་ནད་པ1689487ལ་སླེབས་ཅིང་། ཀྲུང་གོ་ཕུད་པའི་ཤི་བའི་ནད་པ་ཡི་གྲངས་ཀའང་སྔ་ཉིན་ལས5700འཕར་ནས་ད་ཆ་ཁྱོན་བསྡོམས108301ལ་སླེབས་ཡོད་ཟེར།

འཛིན་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ་པྲོག་གསར་རིམས་ནད་འགོས་པའི་ནད་པ་སྔ་ཉིན་དང་བསྡུར་ན་ནད་པ76498ཇེ་མང་དུ་འཕར་ནས། ཁྱོན་བསྡོམས་ནད་པ1773084ལ་སླེབས་པ་དང་།  ཤི་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན5702ཡིས་ཇེ་མང་དུ་སོང་ནས། ད་ལྟ་ཁྱོན་བསྡོམས་ནད་པ་111652རིམས་ནད་ཀྱི་ཁྲོད་དུ་ཚེ་ལས་འདས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།