ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་བ189ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧྥའར་ཧན·ཧ་ཁེ་ཡིས་ཚེས13ཉིན་གྱི་དགོང་མོར། ཚེས12ཉིན་གྱི་དགོང་མོ་བར་གོ་ལ་ཧྲིལ་པོའི་ཁོངས་གཏོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་བ་ཁྱོན་བསྡོམས་མི189ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་ཡོད་པར་བཤད།

 ཉིན་དེར་ཧྥའར་ཧན·ཧ་ཁེ་ཡིས་བརྙན་ལམ་གསར་འགོད་པའི་ཚོགས་འདུའི་ཐོག་བཤད་རྒྱུར། པྲོག་གསར་གློ་ཚད་ཀྱི་རིམས་ནད་གང་སར་ཁྱབ་པའི་ཚུན་ལ་གོ་ལ་ཧྲིལ་པོའི་ཁོངས་གཏོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་པ189ལ་རིམས་ནད་ཕོག་པ་གཏན་འཁེལ་བྱས་ཤིང་དེེའི་ནང་མི3ཚེ་ལས་འདས་པ་རེད།

ཉིའུ་ཡོལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཟླ3པའི་ཚེས12ཉིན་པྲོག་གསར་གློ་ཚད་གྱི་ནད་དཔེ་ཐོག་མ་བྱུང་བ་སྙན་ཞུ་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེེན་མོ་ཀུ་ཐེ་ལེ་སི་ཡིས་ཚེས 13ཉིན་འཕྲིན་ཡིག་ནང་ལས་བཟོ་བ་ཡོངས་ལ་ཟླ3པའི་ཚེས16ཉིན་ནས་ཟླ4པའི་ཚེས12ཉིན་བར་རྒྱང་བསྟེན་གཞུང་དོན་བསྒྲུབ་ཆོག་པ་དང་། ཉིའུ་ཡོལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ཐོག་ཁང་ཆེན་མོ་ནང་པྲོག་གསར་གློ་ཚད་ཕོག་ཚད་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཟླ4པའི་ཚེས1ཉིན་ཀུ་ཐེ་ལེ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་ལས་བཟོ་བ་ཡོངས་ལ་རྒྱང་བསྟེན་གཞུང་དོན་སྒྲུབ་ཡུན་ཟླ4པའི་ཚེས30ཉིན་བར་ཇེ་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས །

ཉིའུ་ཡོལ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་རྒྱུན་གཏན་གྱི་ལས་ཞུགས་ཉིན་ལ་མི་ཁྲི1.1ཙམ་འགྲོ་འོང་བྱེད་བཞིན་ཡོད་ལ། ལས་བཟོ་བ་ཡོངས་ཀྱིས་རྒྱང་བསྟེན་གཞུང་དོན་བསྒྲུབ་པའི་བྱ་ཐབས་ལག་བསྟར་བྱས་རྗེས་སྤྱི་ཁྱབ་པུའུ་ནང་འགྲོ་འོང་བྱེད་མཁན་གྱི་མི་གྲངས་ཆ་སྙོམས་བྱས་ན100ལས་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།