འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་གཅིག་སྟོང་གཅིག་བརྒྱ་དང་དྲུག་ལ་བུད་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གཞི་གྲངས་ཆེས་གསར་བ་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་གཅིག་སྟོང་གསུམ་བརྒྱ་དང་དྲུག་ལ་བུད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་བཅུ་སྟེང་བར་དུ། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ཁྲི་བརྒྱད་དང་སྟོང་ལྔ་ལྔ་བརྒྱ་རེ་དྲུག་གིས་ཇེ་མང་དུ་སོང་ནས། ས་ཡ་གཅིག་དང་འབུམ་དྲུག་ཁྲི་གཅིག་སྟོང་གསུམ་བརྒྱ་དང་དྲུག་ལ་སླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་གསར་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་སྟོང་དྲུག་དང་ཉིས་བརྒྱ་རེ་གཉིས་ཀྱིས་ཇེ་མང་དུ་སོང་ནས། འབུམ་གཅིག་དང་སྟོང་གཉིས་དྲུག་བརྒྱ་གསུམ་ལ་སླེབས།

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་ཁྲི་བརྒྱད་དང་སྟོང་ལྔ་དྲུག་བརྒྱ་དོན་དགུ་ཡིས་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དགུ་སྟོང་དྲུག་ལྔ་བརྒྱ་གྱ་བརྒྱད་ལ་སླེབས་པ་དང་། པྲོག་གསར་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་སྟོང་དྲུག་ཉིས་བརྒྱ་རེ་གཉིས་ཀྱིས་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཅིག་དང་སྟོང་ལྔ་དགུ་བརྒྱ་ང་གཉིས་ལ་སླེབས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།