ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡ་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་ལ་ངོས་འཛིན་བྱས་པའི་ནད་པ་སྟོང་གསུམ་དང་བརྒྱ་དང་ལྔ་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཞི་བའི་ཚེས་བཅུ་ཉིན། སེར་ཝེ་ཡའི་འཕྲོད་བསྟེན་པུའུ་ཡིས་བཤད་དོན། ས་གནས་ཀྱི་དུས་ཚོད་ཚེས་བཅུ་ཉིན་གྱི་ཆུ་ཚོད་བཅོ་ལྔའི་བར་དུ་སེར་ཝེ་ཡ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནད་པ་ཉིས་བརྒྱ་དང་སོ་བརྒྱད་གསར་དུ་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་སྟོང་གསུམ་དང་བརྒྱ་དང་ལྔ་ལ་སླེབས།

ཟླ་གསུམ་པའི་ཚེས་དྲུག་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་འཛིན་བྱས་པའི་ནད་པ་ཐོག་མ་བྱུང་བའི་ཚུན་ལ། སེར་ཝེ་ཡ་རྒྱལ་ཁབ་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་ཚོད་འཛིན་བྱས་ཤིང་། མཐའ་མཚམས་ཀྱི་གྲུ་ཁ་དང་སློབ་གྲྭའི་སྒོ་བརྒྱག་པ་དང་། སྤྱི་ཐུན་འགྲིམ་འགྲུལ་དང་དེ་མིན་མཚན་མགྲོན་གཏན་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།