ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཀྲུང་གོའི་ཆེད་མཁས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཐད་ནས་བརྙན་རིས་བརྗེ་རེས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐུར་ཁེའི་གསོ་རིག་ཆེད་མཁས་པའི་འཐུས་མིས་ཚེས་བཅུ་ཉིན་ཐུར་ཁེ་རུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བརྒྱུད་དེ་ཀྲུང་གོའི་ཧུའུ་ནན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཞིང་ཆེན་རིམ་པའི་སྨན་བཅོས་གསོ་བཅོས་མཐོ་རིམ་ཆེད་མཁས་པའི་ཚན་ཆུང་བར་བརྙན་རིས་སྐུད་འབྲེལ་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་ཐད་ནས་བརྗེ་རེས་གྲོས་ཚོགས་བསྡུས། 

གྲོས་ཚོགས་དེར་ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏིན་ལེ་ཡིས་མགོ་འཛིན་བྱས། ཐུར་ཁེའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཨེ་མུས་ནཱ་དང་ཐུར་ཁེ་ཕྱོགས་ཀྱི་རིག་ཚན་མི་འདྲ་བའི་གསོ་རིག་ཆེད་མཁས་པ་བཅོ་ལྔ་ཡིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ངོས་འཛིན་བྱེད་ཐབས་དང་ནད་པའི་སྨན་གྱི་བསྟེན་ཚུལ། དྲག་སྐྱེད་བྱུང་རྗེས་ཁ་ཁར་དགར་ནས་ལྟ་ཞིབ་བྱེད་པ་སོགས་ཐད་ནས་དྲི་བ་བཏོན། 

ཀྲུང་ནན་སློབ་ཆེན་ཞང་ཡཱ་སྨན་ཁང་གི་དབུགས་ལམ་དང་ནད་པ་ལྗིད་མོའི་ཚན་ཁག་གི་དགེ་རྒན་ཆེན་མོ་ཧུའུ་ཁྲིན་ཕེན་དང་། ཧུའུ་ནན་ཀྲུང་ལུགས་སྨན་རྫས་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་གཉིས་པའི་ཀྲུང་ལུགས་གསོ་རིག་གི་དགེ་རྒན་ཆེན་མོ་ཡུག་པའོ་ཝུན་སོགས་ཆེད་མཁས་པ་བརྒྱད་ཀྱིས་ཐུར་ཁེ་ཕྱོགས་ཀྱི་དྲི་བར་ལན་བཏབ་པ་དང་། གནད་དོན་མི་འདྲ་བའི་ཐད་ནས་བྱེད་ཐབས་དང་ཉམས་མྱོང་བརྗེ་རེས་བྱས། 

ཨེ་མུས་ནཱ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་རིམས་ནད་དང་ཀྲུང་གོའི་རིམས་འགོག་བྱེད་ཐབས་ལ་ནམ་རྒྱུན་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱུན་པར་ཀྲུང་གོའི་བར་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད། ཁོ་མོས་ཀྲུང་གོའི་ཆེད་མཁས་པས་གསོ་བཅོས་དང་འགོག་སྲུང་ཉམས་མྱོང་མཉམ་སྤྱོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཉམས་མྱོང་དེ་དག་ཐུར་ཁེ་ཡིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱེད་པའི་བྱ་བར་ཕན་ཐོགས་ཡོད་ཟེར། 

ཏིན་ལེ་ཡིས་རིམས་འགོག་བྱ་བ་བྱེད་མཁན་ལ་བླ་མེད་གུས་སེམས་བསྟན་པ་དང་། ཐེངས་འདིའི་བརྙན་རིས་བརྗེ་རེས་གྲོས་ཚོགས་ནི་ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཟླ་འདིའི་ཚེས་བརྒྱད་ཉིན་ཁ་པར་གྲོས་མོལ་བྱས་པའི་དགོངས་དོན་དངོས་འབེབ་བྱེད་པའི་བྱེད་ཐབས་གལ་ཆེ་ཞིག་ཡིན་ཟེར། 

ཚེས་བཅུ་ཉིན་གྱི་དགོང་མོའི་བར། ཐུར་ཁེ་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་བཞི་དང་སྟོང་བདུན་ཉེར་དགུར་བསླེབ་ཡོད་པ་དང་། ནད་པ་སྟོང་གཅིག་དང་དྲུག་རྐྱེན་ལམ་དུ་ཤོར་ཡོད་ལ། ནད་པ་སྟོང་གཉིས་དང་བཞི་བརྒྱ་ཉེར་གསུམ་དྲག་སྐྱེད་བྱུང་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།