ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་འབུམ་གཅིག་ལས་བརྒལ་ཏེ། འབུམ་གཅིག་དང་སུམ་བརྒྱ་དོན་དྲུག་ཏུ་སླེབས་ཡོད། 

གཞི་གྲངས་ལས་མངོན་པ་ལྟར་ན། དབྱེ་ཐཱ་ལེ་ནི་མིག་སྔར་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་ཞེ་དགུར་སླེབས་ཡོད། ཨ་མེ་རི་ཁའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ནི་ཁྲི་གཅིག་དང་སྟོང་བདུན་དགུ་བརྒྱ་ཉེར་ལྔ་ཡིན། སི་ཕན་གྱི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ནི་ཁྲི་གཅིག་དང་སྟོང་ལྔ་དགུ་བརྒྱ་བདུན་ཅུ་ཡིན། ཧྥ་རན་སིའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ནི་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་ཉེར་བརྒྱད་ཡིན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་ཉིས་བརྒྱ་བཅུར་སླེབས་ཡོད། ཨ་མེ་རི་ཁ་ནི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཡིན་པ་དང་། བསྡོམས་པས་འབུམ་བཞི་དང་ཁྲི་བདུན་སྟོང་ལྔ་བདུན་བརྒྱ་ཞེ་དགུར་སླེབས་ཡོད། སི་ཕན་དང་དབྱེ་ཐཱ་ལེ་གཉིས་སུ་སོ་སོར་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་བདུན་ང་གསུམ་དང་། འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ལྔ་བརྒྱ་དོན་བདུན་ཡིན། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།