ཀྲུང་གོ་བོད་ཀྱི་དྲ་བ།

ཏོག་གསར་གློ་ཚད་རིམས་ནད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐད་དངོས་གཞི་མིན་པའི་བརྙན་ལམ་གླེང་མོལ་ཚོགས་འདུ།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : ཟླ་བ་ཚེ་རིང་།   སྤེལ་དུས། : 2020-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཚེས་9ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་པ་ཆེ་ལའེ་ཐེས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཐད་དངོས་གཞི་མིན་པའི་བརྙན་ལམ་གླེང་མོལ་ཚོགས་འདུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲེན་ཤུས་ཀྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དང་རྩ་འཛུགས་130ལྷག་ཙམ་ལ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་11ལ་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་13བཏང་བ་དང་། རྒྱལ་ཁབ་150ལྷག་ཙམ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ། ཡོ་རོབ་མནའ་འབྲེལ། ཅ་ལེ་པིའི་ཐུན་མོང་སྒྲིག་གཞི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རིགས་གཅིག་མཁས་པའི་བརྙན་ལམ་ཚོགས་འདུ་ཐེངས་70ལྷག་ཙམ་འཚོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་སྟབས་བདེ་བསྐྲུན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།