ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་དབྱི་རག་ལ་རོགས་སྐྱོར་བྱེད་པའི་རིམས་ནད་འགོག་བཅོས་དངོས་རྫས་སྐོར་གཉིས་པ་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་ཐོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་དབྱི་རག་ལ་རོགས་སྐྱོར་བྱེད་པའི་རིམས་ནད་འགོག་བཅོས་དངོས་རྫས་སྐོར་གཉིས་པ་ཚེས་བརྒྱད་ཉིན་གྱི་དགོང་མོར་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་ཐོན།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱིའི་ཚོགས་པས་དབྱི་རག་ལ་རོགས་སྐྱོར་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྨན་བཅོས་ཆེད་མཁས་ཚན་ཁག་གི་འགོ་གཙོ་ཐའོ་ཀྲུང་ཆོན་གྱིས་བཤད་རྒྱུར། སྐོར་ཐེངས་གཉིས་པའི་རིམས་ནད་འགོག་བཅོས་དངོས་རྫས་གཙོ་བོར་ཁ་ཐུམ་དང་ཚ་འཇལ་དཔྱད་ཆས། འགོག་སྲུང་མིག་ཤེལ། དུག་སེལ་རླངས་འཁོར་སོགས་འདུས།

དབྱི་རག་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཅ་ཞི་མུའུ་ཡིས་ཀྲུང་གོས་ཡང་བསྐྱར་དབྱི་རག་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཀྲུང་གོས་དབྱི་རག་ལ་རོགས་སྐྱོར་བྱས་པའི་སྐོར་ཐེངས་དང་པོའི་རིམས་འགོག་དངོས་རྫས་ཀྱིས་དབྱི་རག་གི་རིམས་ནད་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བའི་ཐད་ལ་ནུས་པ་ཆེན་པོ་བཏོན་པ་དང་། སྐོར་ཐེངས་གཉིས་པའི་རིམས་འགོག་རྫས་ཀྱིས་དབྱི་རག་གི་སྨན་བཅོས་མི་སྣའི་འགོག་སྲུང་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ས་གནས་རང་གི་གསོ་རིག་པར་ལེན་ཞིབ་བཤེར་ནུས་པ་མཐོར་འདེགས་སུ་གཏོང་ངེས་ཡིན་ཟེར།

དབྱི་རག་ཟླ་གསར་དམར་པོ་ཚོགས་པས་བཏོན་པའི་རེ་བ་ལྟར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱིའི་ཚོགས་པས་མངགས་པའི་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་ཚེས་བདུན་ཉིན་དབྱི་རག་ལ་ཐོན་པར་མ་ཟད་སྐོར་དང་པོའི་རིམས་འགོག་དངོས་རྫས་བྱིན་ནས་དབྱི་རག་གི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བར་རོགས་སྐྱོར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།