ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་རིམས་ནད་འགོག་བཅོས་ཀྱི་ལས་འགན་གཙོ་བོ་ནི་གྲོང་མིའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་རྒྱུ་དེ་ཡིན་ཞེས་གསུངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས7ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་རིམས་ནད་འགོག་བཅོས་ཀྱི་ལས་འགན་གཙོ་བོ་ནི་གྲོང་མིའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་རྒྱུ་དེ་རེད།

ཚེས7ཉིན་ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་སྟེང་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། ཚེས7ཉིན་ཕུའུ་ཅིན་གྱིས་པྲོག་གསར་གློ་ཚད་རིམས་ནད་འཕེལ་རྒྱས་ཀྱི་གནས་ཚུལ་དང་རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བཤད་རྒྱུར། རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་ཚང་མ་རིམས་ནད་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཚམ་དགོས་ཏེ། རིམས་ནད་འགོག་བཅོས་ཀྱི་ལས་འགན་གཙོ་བོ་ནི་གྲོང་མི་ཡོངས་ཀྱི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་རྒྱུ་དེ་རེད་ཅེས་བསྟན།

ཕུའུ་ཅིན་གྱིས་བཤར་རྒྱུར། མིག་སྔར་ཨུ་རུ་སུར་རིམས་ནད་གནས་ཚུལ་སྔར་བཞིན་ཚབས་ཆེན་ཡིན་པས། ཨུ་རུ་སུས་རིམས་ནད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱས་ཏེ་། དུས་མཚུངས་སུ་རྒྱལ་ཁབ་གཞན་དག་གི་རིམས་ནད་འགོག་པའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཏེ། ཆེད་མཁས་པ་དང་སྨན་བཅོས་མི་སྣའི་གྲོས་འགོ་གཞིར་བཟུང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་སྤྱོད་དགོས་ཞེས་གསུངས།

 ཚེས7ཉིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་ཀྲུའུ་ཞི་གཞོན་པའམ་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཧྥུའུ་ཡིས་བཤད་རྒྱུར།  ཨུ་རུ་སུར་རིམས་ནད་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་དེ། མིག་སྔར་ཨུ་རུ་སུའི་དང་བླངས་པ་ཁྲི8ལྷག་ཙམ་རིམས་ནད་འགོག་པའི་འཐབ་རྩོད་ཁྲོད་ཞུགས་ཡོད། ཁོང་ཚོས་རང་ཉིད་ལོགས་སུ་བཀར་བའི་རྒན་རྒོན་ལ་བཟའ་བཅའ་དང་འགོག་སྲུང་དངོས་རྫས་སོགས་སྐྱེལ་གྱིན་ཡོད་ཅེས་གསུངས།

ཨུ་རུ་སུའི་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། དུས་ཚོད24ཡི་ནང་ཨུ་རུ་སུའི་ས་ཁོངས་སུ་ནད་དུག་འགོས་པའི་ནད་རྟགས་གསར་པ1154མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ7497བར་མང་དུ་ཕྱིན་ལ། ནད་པ58ཤི་བ་དང་། ནད་པ494དྲག་སྐྱེད་བྱུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།