ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་བདུན་དགུ་བརྒྱ་ང་གཅིག་ཏུ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོེད་བསྟེན་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་དག་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་བདུན་དགུ་བརྒྱ་ང་གཅིག་ཏུ་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་དག་གི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་བདུན་བརྒྱ་དང་ཉེར་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་བདུན་དགུ་བརྒྱ་ང་གཅིག་ཏུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་བརྒྱད་བརྒྱ་དང་བརྒྱད་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་ནད་པ་ཁྲི་དྲུག་དང་སྟོང་བཞི་ཉིས་བརྒྱ་ང་བཞིར་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་བདུན་ཉིས་བརྒྱ་ཇེ་མང་དུ་སོང་སྟེ། ནད་པ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་དགུ་བརྒྱ་ང་དྲུག་ཏུ་བསླེབས། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་བཞི་དང་བརྒྱད་བརྒྱ་བཅུ་འཕར་ནས་བསྡོམས་པས་ཁྲི་དྲུག་དང་སྟོང་བདུན་ལྔ་བརྒྱ་གོ་བཞིར་བསླེབ་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།