ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི120ལས་བརྒལ་བར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས4ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི120ལས་བརྒལ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས4ཉིན་གྱི་དུས་ཚོད20དང་སྐར་མ51བར་དུ(པེ་ཅིང་གི་དུས་ཚོད་ཚེས5ཉིན་གྱི་དུས་ཚོད8དང་སྐར་མ51བར) འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ1201591ལ་སླེབས་ཤིང་ཚེ་འདས་ནད་པ64703ལ་སླེབས་ཡོད་པ་རེད།

ཡང་གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རི་ནི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་པའི་རྒྱལ་ཁབ་ཡིན་ལ་ནད་པ311301ལ་སླེབས་ཡོད་པ་དང་། སི་ཕེན་གྱི་ནད་རྟགས་ཐག་བཅད་པའི་ནད་པ་ནི་དབྱི་ཐ་ལི་ལས་བརྒལ་ཏེ་མིག་སྔར་འཛམ་གླིང་ཡོངས་ཀྱི་ཨང་གཉིས་པར་གྱུར་ལ་རིམ་རྩིས་བྱས་པའི་ཐག་བཅད་ནད་པ126168ལ་སླེབས་ཤིང་ཚེ་འདས་ནད་པ11947ཡོད་པ་རེད། དབྱི་ཐ་ལི་ནི་མིག་སྔར་ཚེ་འདས་ནད་པ་ཆེས་མང་བའི་རྒྱལ་ཁབ་ཡིན་ལ་ཚེ་འདས་མི་གྲངས15362ལ་སླེབས་ཤིང་ནད་རྟགས་ཐག་བཅད་པའི་ནད་པ124632ཡོད།  

གཞི་གྲངས་འདི་དག་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལས་མངོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།