ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇུ་རྒྱལ་ཁབ་ཏུ་རིམས་ནད་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་ཁྲི་བཞི་དང་སྟོང་གཅིག་དགུ་བརྒྱ་དང་གསུམ་ལ་སླེབས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱིན་ཇུའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཕྱོགས་ཀྱི་གྲངས་ཀ་ལྟར་ན། དབྱིན་ཇུ་རྒྱལ་ཁབ་ཏུ་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་གསུམ་དང་བདུན་བརྒྱ་སོ་ལྔ་ཇེ་མང་དུ་སོང་ཞིང་བསྡོམས་པས་ངོས་འཛིན་བྱས་པའི་ནད་པ་ཁྲི་བཞི་དང་སྟོང་གཅིག་དགུ་བརྒྱ་དང་གསུམ་ལ་སླེབས་པ་དང་། བསྡོམས་པས་ནད་པ་སྟོང་བཞི་དང་སུམ་བརྒྱ་བཅུ་གསུམ་ཚེ་ལས་འདས།

དབྱིན་ཇུའི་ནེ་ཀི་གཞུང་སྒྲུབ་ཐིན་གྱི་དབུ་བཞུགས་བློན་ཆེན་མེད་ཁི་ཨར་ཀི་ཧྥུའུ་ཡིས་ཉིན་དེར་རིམས་ནད་གནས་ཚུལ་སྒྲོག་པའི་ཚོགས་འདུའི་སྟེང་བཤད་རྒྱུར། སྲིད་གཞུང་གིས་རྒྱལ་ཁབ་གང་མང་དུ་དབུགས་ལེན་ཡོ་ཆས་ཉོ་སྡུད་བྱེད་ཀྱིན་ཡོད་པ་དང་། ཉིན་དེར་དབུགས་ལེན་ཡོ་ཆས་སུམ་བརྒྱ་ཀྲུང་གོ་ནས་རང་རྒྱལ་དུ་སྐྱེལ་འདྲེན་བྱས་ཡོང་བ་ཡིན་པས། བདག་གིས་ཀྲུང་གོ་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཀི་ཧྥུའུ་ཡིས་བཤད་རྒྱུར། ས་གནས་རང་གི་བཟོ་གྲྭ་གང་མང་གིས་དེའི་རིགས་ཀྱི་མྱུར་མཁོའི་སྒྲིག་ཆས་ཐོན་སྐྱེད་བྱེད་བཞིན་ཡོད་ཟེར།

དབྱིན་ཇུའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཞི་ཉིན་ད་དུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆ་འཕྲིན་ཐོ་འགོད་དྲ་ངོས་གཏན་འཁེལ་བྱས་ཏེ། ནད་རྟགས་ཡོད་མཁན་གྱིས་མྱུར་དུ་དྲ་ངོས་སུ་འབྲེལ་ཡོད་ཆ་འཕྲིན་བཀོད་ནས། འཕྲོད་བསྟེན་ལས་ཁུངས་ཀྱིས་ཆ་འཕྲིན་ཐོན་ཁུངས་ལ་མཐུན་སྦྱོར་བྱེད་པར་སྟབས་བདེ་བཟོ་དགོས་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།