ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་ལྔ་དང་སྟོང་ལྔ་བདུན་བརྒྱ་ཞེ་གསུམ་དུ་བསླེབ་ཡོད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་བསྡོམས་རྩིས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཉིན་དེའི་ཉིན་གུང་བར། དབྱི་ལིང་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཉིས་དང་ལྔ་བརྒྱ་དྲུག་ཅུ་ཇེ་མང་དུ་སོང་ཡོད་ལ། རིམ་རྩིས་ཀྱིས་ནད་པ་ཁྲི་ལྔ་དང་སྟོང་ལྔ་བདུན་བརྒྱ་ཞེ་གསུམ་དུ་བསླེབ་ཡོད། དེའི་ནང་རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་བཞི་བརྒྱ་ང་གཉིས་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ནད་པ་སྟོང་བཞི་དང་བརྒྱ་དང་གསུམ་གྱི་གནས་ཚུལ་ཚབས་ཆེན་ཡིན་ལ། ནད་པ་ཁྲི་གཅིག་དང་སྟོང་དགུ་བདུན་བརྒྱ་སོ་དྲུག་དྲག་སྐྱེད་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།