ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གཉིས་ཀྱིས་འཛིན་བཟུང་བྱས་པའི་མི་སྣ་བརྗེ་བའི་དུས་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས2ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གཉིས་ཀྱིས་འཛིན་བཟུང་བྱས་པའི་མི་སྣ་བརྗེ་བའི་དུས་ཡུན་ཡང་བསྐྱར་ཇེ་རིང་དུ་བཏང་ཟེར།

ཨ་ཧྥུའུ་ཧན་བརྙན་འཕྲིན་ཁང་ནས་བསྒྲགས་པ་ལྟར་ན། མི་གསུམ་གྱིས་གྲུབ་པའི་ཐ་ལེ་པན་གྱི་འཐུས་ཚབ་ཚོགས་པ་་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཁ་པུ་ཨེར་ལ་ཐོན་རྗེས། ཨ་ཧྥུའུ་ཧན་སྲིད་གཞུང་ཕྱོགས་དང་འཛིན་བཟུང་བྱས་པའི་མི་སྣ་བརྗེ་རེས་བྱེད་པའི་གནད་དོན་ཐད་ནས་བསྟུད་མར་ཉིན་གསུམ་ལ་གྲོས་ཞིབ་བྱས་ན་ཡང་། ཕྱོགས་གཉིས་ཀ་གྲོས་མཐུན་མ་བྱུང་། ཉིན་དེར་བཙོན་གྲོལ་གཏོང་རྒྱུའི་གཏན་ཁེལ་བྱས་པའི་ཐ་ལེ་པན་གྱི་འཛིན་བཟུང་བྱས་ཡོད་པའི་མི་སྣ་བཙོན་གྲོལ་གཏོང་བའི་དུས་ཚོད་ཕྱིར་བསྣུར་བྱས་ཟེར།

ཨ་མེ་རི་ཁ་སྲིད་གཞུང་གིས་ཨ་ཧྥུའུ་ཧན་དང་ཐ་ལེ་པན་གཉིས་བར་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ཞི་བདེའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ཨ་མེ་རི་ཁས་ཉིན་བརྒྱ་དང་སོ་ལྔའི་ནང་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གཞི་ཁྱོན་མི་ཁྲི་གཅིག་དང་སྟོང་གསུམ་ནས་སྟོང་བརྒྱད་དང་དྲུག་བརྒྱ་རུ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། འཕྲོ་མའི་ཨ་མེ་རི་ཁའི་དམག་དཔུང་དང་བྱང་ཆིངས་མཉམ་འབྲེལ་དམག་དཔུང་ཟླ་བཅུ་བཞིའི་ནང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་རྒྱུའི་ཁས་བླངས། ཐ་ལེ་པན་གྱིས་དེའི་ཁོངས་མི་དང་ཐལ་སྤྱོད་རྩ་འཛུགས་ཀྱི་རྟེན་གཞི་ནང་དུ་འདུ་བའི་རྩ་འཛུགས་གཞན་པའི་ཁོངས་མིས་ཨ་ཧྥུའུ་ཧན་གྱི་རྒྱལ་ཁོངས་བེད་སྤྱད་དེ་ཨ་མེ་རི་ཁ་དང་མཐའ་མཐུན་གྲོགས་པོའི་བདེ་འཇགས་ལ་འཇིགས་སྐུལ་གཏོང་གཏོང་མི་ཆོག་པ་ཁས་བླངས། ཨ་མེ་རི་ཁ་སྲིད་གཞུང་གིས་ད་དུང་གྲོས་མཐུན་ནང་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཟླ་གསུམ་པའི་ཚེས་བཅུ་ཉིན་སྔོན་དུ་བཙོན་གྲོལ་གཏོང་རྒྱུ་ཡིན་པའི་ཐ་ལེ་པན་གྱི་འཛིན་བཟུང་མི་སྣ་སྟོང་ལྔ་བཙོན་གྲོལ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་འགན་སྲུང་བྱས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།