ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་ལྔ་དང་སྟོང་དགུ་བརྒྱ་དང་ལྔ་ལ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་སྤྱི་ཐུན་འཕྲོད་བསྟེན་པུའུ་ཡིས་ཟླ་བཞི་བའི་ཚེས་གཉིས་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་ལྔ་དང་སྟོང་དགུ་བརྒྱ་དང་ལྔ་ལ་འཕར་ཞིང་དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཉིས་དང་བརྒྱ་དང་བཅུ་དྲུག་ཇེ་མང་ལ་སོང་།

ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡི་འགོ་གཙོ་ས་ལོ་མིན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། ཧྥ་རན་སི་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་བཞི་དང་ལྔ་བརྒྱ་གསུམ་ཤི་བ་དང་འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་བཞི་བརྒྱ་དང་དོན་གཅིག་ཇེ་མང་ལ་སོང་། མིག་སྔར་ནད་པ་ཁྲི་གཉིས་དང་སྟོང་དྲུག་དྲུག་བརྒྱ་ཞེ་དྲུག་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། དེའི་ནང་གི་ནད་པ་སྟོང་དྲུག་དང་སུམ་བརྒྱ་གོ་དགུ་ལ་ནད་པ་ལྗིད་མོའི་ལྟ་སྐོར་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད།

ས་ལོ་མིན་གྱིས་བཤད་དོན། འཕྲོད་བསྟེན་ཁང་གིས་ཧྥ་རན་སིའི་རྒྱལ་ཡོངས་ཀྱི་ནུས་ཤོར་རྒན་གསོ་ཁང་ཁྲི་གཅིག་ལྷག་གི་ནང་གི་རྒན་གསོ་ཁང་སྟོང་བདུན་དང་བཞི་བརྒྱ་ཡི་རིམས་ནད་འབྲེལ་ཡོད་གཞི་གྲངས་བསྡུ་ལེན་དང་ལེགས་སྒྲིག་བྱས་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱད་བརྒྱ་གྱ་བཞི་དེ་པྲོག་གསར་གློ་ཚད་རིམས་ནད་དང་འབྲེལ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།