ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མའི་ཙུང་ཐུང་གིས་ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས། །

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨར་གྱིས་ཟླ་བཞི་བའི་ཚེས་གཉིས་ཉིན་བཤད་དོན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ལྡན་བྱེད་ཐབས་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ཚོད་འཛིན་བྱས་པར་མ་ཟད་ཧུར་ཐག་སྒོས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིམས་ནད་འགོག་སྡོམ་བྱ་བར་རྒྱབ་སྐྱོར་བྱས་ཟེར།

ཅི་ཨར་གྱིས་ཉིན་དེར་སུའུ་ཏན་ལྷོ་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཉིང་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། སུའུ་ཏན་ལྷོ་མ་སྲིད་གཞུང་དང་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་སུའུ་ཏན་ལྷོ་མའི་རིམས་ནད་འགོག་སྡོམ་ཐད་ལ་མ་དངུལ་དང་དངོས་རྫས་ཞལ་འདེབས་ཕུལ་བར་བཀའ་དྲིན་ཆེ་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སུའུ་ཏན་ལྷོ་མ་ཕྱོགས་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

མིག་སྔའི་བར་དུ། སུའུ་ཏན་ལྷོ་མ་རུ་པྲོག་གསར་གློ་ཚད་རིམས་ནད་བྱུང་མེད། སུའུ་ཏན་ལྷོ་མས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་མཐོ་རིམ་དམིགས་བསལ་བྱ་བའི་ཚན་ཁག་གིས་ཉེ་ལམ་བཤད་དོན། ཕྱོགས་སོ་སོའི་རྒྱབ་སྐྱོར་འོག སུའུ་ཏན་ལྷོ་མར་པྲོག་གསར་གློ་ཚད་རིམས་ནད་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ནུས་པ་ལྡན་ལ། ལོགས་བཀར་དང་སྨན་བཅོས་ལྟེ་གནས་བཙུགས་ཤིང་འཕྲལ་སྒྲུབ་ཚན་ཆུང་གསོ་སྐྱོང་བྱས་པ་དང་། སྨན་བཅོས་མི་སྣས་རིམས་ནད་བྱུང་ཚེ་མྱུར་དུ་འགོག་སྡོམ་བྱེད་པར་གྲ་སྒྲིག་བྱས་ཡོད་ལ། མཐའ་མཚམས་གྲུ་ཁ་སོ་སོ་རུ་ཞིབ་བཤེར་བྱེད་ས་བཙུགས་པ་དང་གཞིས་ཁུལ་དང་སྨན་བཅོས་སྒྲིག་གཞི་སོ་སོས་ཞིབ་བཤེར་ཚད་ལེན་རྐྱེན་སྲོལ་འཛུགས་འགོ་བརྩམས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།