ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྗེས་ལ་སྣུར་ཏེ་ཟླ་བརྒྱད་པའི་ཟླ་སྨད་དུ་འཚོགས་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམངས་གཙོ་ཏང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཞི་བའི་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག སྔོན་ལ་གཏན་འཁེལ་བྱས་པའི་ད་ལོའི་ཟླ་བདུན་པར་འཚོགས་རྒྱུ་ཡིན་པའི་དམངས་གཙོ་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དེ་ཟླ་བརྒྱད་པའི་ཟླ་སྨད་དུ་འཚོགས་རྒྱུ་ཡིན་པ་དང་ཚོགས་གནས་ལ་འགྱུར་ལྡོག་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལེགས་སྒྲིག་བྱེད་པའི་ནང་དོན་དེ་ཚོགས་ཆེན་གྱི་རྣམ་པ་དང་གཞི་ཁྱོན། ཉིན་རེའི་གྲོས་རིམ་བཀོད་སྒྲིག་བྱས་པར་འབྲེལ་བ་ཡོད་པ་དང་། སྔོན་དཔག་བྱས་པའི་ཚོགས་ཆེན་གྱི་གཞི་ཁྱོན་ཅུང་ཙམ་ཇེ་ཆུང་དུ་གཏོང་ངེས་རེད།

མིག་སྔར། ཨ་མེ་རི་ཁའི་སྤྱི་མཐུན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཚོགས་ཆེན་དེ་ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན་ནས་ཉེར་བདུན་ཉིན་བར་ཁ་ལོ་ལེ་ན་ཀྲིག་བྱང་མའི་ཞ་ལོ་ཐི་ནས་འཚོགས་རྒྱུ་ཐག་བཅད། ད་ལྟའི་ཙུང་ཐུང་ཐི་ལང་ཕུའུ་ལ་ད་ལོའི་ཟླ་གསུམ་པའི་ཟླ་དཀྱིལ་ལ་ཏང་ཡོངས་ཀྱི་འཐུས་མིའི་འདེམ་ཤོག་ཐོབ་པ་དང་། སྤྱི་མཐུན་ཏང་གི་ཙུང་ཐུང་གི་འདེམ་སྒུག་པར་མིང་འདོན་པར་གཏན་འཁེལ་བྱས།

དེའི་སྐབས་སུ་ཆབ་སྲིད་དབྱེ་ཞིབ་མི་སྣས་བལྟས་ན། རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་རྗེས་ལ་སྣུར་ནས་འཚོགས་ན་དམངས་གཙོ་ཏང་གི་འདེམ་བསྐོ་ཆེན་མོར་གྲ་སྒྲིག་བྱེད་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་ཡིན།

ཨ་མེ་རི་ཁའི་སྲིད་ཏང་གཙོ་བོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དེ་ལོ་བཞིའི་ནང་ཐེངས་གཅིག་ལ་འཚོགས་པ་དང་ཙུང་ཐུང་འདེམ་བསྐོ་ལོར་འཚོགས་བཞིན་ཡོད་ལ། དེའི་ནང་དུ་ཏང་རང་གི་ཙུང་ཐུང་དང་ཙུང་ཐུང་གཞོན་པའི་འདེམ་སྒུག་པའི་མིང་འདོན་པ་དང་ཏང་རང་གི་འགྲན་ཞུགས་འདེམ་བསྐོའི་རྩ་འཛིན་སོགས་ལ་གྲོས་བསྡུར་བྱེད་པར་མ་ཟད་གྲོས་འཆམ་འབྱུང་རྒྱུ་འདུས་ཡོད། ཨ་མེ་རི་ཁ་ཡོངས་ཀྱི་མངའ་སྡེ་ལྔ་བཅུ་དང་རྒྱལ་ས་ཧྭ་ཧྲིན་ཏུང་གི་ཀི་ལུན་པུས་ཡ་དམིགས་བསལ་ས་ཁུལ་དང་ཕྱི་རྒྱལ་ས་གནས་ཀྱི་ཏང་གི་འཐུས་མི་དང་ཏང་རང་གི་དཔོན་རིགས་སོགས་ཚོགས་ཆེན་ལ་ཞུགས་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།