ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིར་ནད་པ་ཁྲི21ལས་བརྒལ་བ་དང་གོ་ལ་ཧྲིལ་པོར་ནད་པ་ཁྲི90ལས་བརྒལ་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

Snipaste_2020-04-02_10-57-52.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡའོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཟླ4ཚེས1ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། ཚེས1ཉིན་གྱི་ཆུ་ཚོད14དང་སྐར་མ50བར(པེ་ཅིང་གི་དུས་ཚོད་ཚེས2ཉིན་གྱི་ཆུ་ཚོད2དང་སྐར་མ50བར)གོ་ལ་ཧྲིལ་པོར་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ཁྲི90ལས་བརྒལ་བ་དང་ནད་དཔེ911308ཟིན་པ་དང་ནད་པ་ཤི་ཚད45497ཟིན་ཡོད་པ་རེད།

Snipaste_2020-04-02_11-03-59.png

  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་ཟླ4བའི་ཚེས1ཉིན་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག་མ་འོངས་པའི་ཉིན་ཁ་ཤས་ནང་གོ་ལ་ཧྲིལ་པོར་གཏན་འཁེལ་ནད་པ་ཁྲི100ལས་བརྒལ་རྒྱུ་ཡིན་པ་དང་ཚེ་འདས་ནད་པ་ཁྲི5ལས་བརྒལ་རྒྱུ་རེད་ཅེས་བཤད།

ཨ་མེ་རི་ཁ།

གཏན་འཁེལ་ནད་པ་ཁྲི21ལས་བརྒལ་བ་དང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་རིམས་འགོག་སྨན་བཅོས་དངོས་རྫས་མང་བོ་ལྷག་མེད།

Snipaste_2020-04-02_10-59-03.png

ཚེས1ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཕོ་བྲང་དཀར་པོའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གྲབས་གསོག་བྱས་པའི་མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་སོགས་སྨན་བཅོས་དངོས་ཟོག་མང་པོ་ལྷག་མེད་པ་ར་སྤྲོད་བྱས།

དབྱི་ཐ་ལི།

རིམ་རྩིས་བྱས་ན་ནད་པ་ཁྲི11ལས་བརྒལ་བ་དང་རྒྱལ་ཡོངས་ཀྱི་བཀག་སྡོམ་དུས་ཡུན་ཇེ་རིང་དུ་བཏང་།

Snipaste_2020-04-02_10-59-35.png

དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཀྲང་ལུའོ་པོ་ཐའོ·སི་ཕེ་ལན་ཀྲ་ཡིས་ཉིན་དེར་དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་བཀག་སྡོམ་དུས་ཡུན་ཟླ4བའི་ཚེས13ཉིན་བར་རིང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས།

སི་ཕེན།

ནད་དཔེ7719གསར་དུ་འཕར་བ་དང་། གཏན་འཁེལ་ནད་དཔེ་ཁྲི10ལས་བརྒལ་བའི་རྒྱལ་ཁབ་ཨང3པར་གྱུར་བ།

Snipaste_2020-04-02_10-59-57.png

སི་ཕན་ནི་ཨ་རི་དང་དབྱི་ཐ་ལིའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་ཁྲོད་ནད་དཔེ་གཏན་འཁེལ་བྱས་པའི་ནད་པ་ཁྲི10ལས་བརྒལ་བའི་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་དོན།

མ་འོངས་པའི་ཉིན་འགའི་རིང་། གོ་ལ་ཧྲིལ་པོར་གཏན་འཁེལ་ནད་དཔེ་ཁྲི100ལས་བརྒལ་རྒྱུ་ཡིན་པ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་ཟླ4བའི་ཚེས1ཉིན་གྱི་བརྡ་ཁྱབ་ཚོགས་འདུའི་ཐོག མིག་སྔར་རིམས་ནད་གནས་བབ་ཇེ་སྡུག་ཏུ་ཕྱིན་ནས་འཛམ་གླིང་གི་ཁྱབ་ཁོངས་ནང་མགྱོགས་མྱུར་མཆེད་བཞིན་ཡོད་ཅེས་བཤད་པ་རེད། འདས་ཟིན་པའི་གཟའ་འཁོར་ལྔའི་ནང་གཏན་འཁེལ་ནད་དཔེ་གློ་བུར་དུ་འཕར་བ་དང་། ཧ་ལམ་རྒྱལ་ཁབ་དང་ས་ཁུལ་ཚང་མར་ནད་དཔེ་གཏན་འཁེལ་བྱས་པའི་ནད་དཔེ་སྙན་སེང་ཞུས་ཡོད། འདས་ཟིན་པའི་གཟའ་འཁོར་གཅིག་རིང་ཤི་བའི་ནད་དཔེ་ལྡབ1ལྷག་ཙམ་འཕར་བ་དང་། མ་འོངས་པའི་ཉིན་ཤས་རིང་། གཏན་འཁེལ་ནད་དཔེ་ཁྲི་100ལས་བརྒལ་རྒྱུ་དང་། ཚེ་འདས་ནད་པ་ཁྲི5ལས་བརྒལ་རྒྱུ་རེད་ཅེས་བཤད།

Snipaste_2020-04-02_11-04-25.png

ཐན་ཏེ་སའེ་ཡིས་ཨ་ཧྥེ་རི་ཁ་དང་། ཀྲུང་གོ མེ་གླིང་ལྷོ་མ་བཅས་ས་ཁུལ་དུ་གཏན་འཁེལ་ནད་རྟགས་བལྟོས་བཅས་ཀྱིས་ཉུང་མོད། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་ཁུལ་དེ་དག་ལ་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱེ་འབྱེད་ངོས་འཛིན་དང་། ཞིབ་དཔྱད་ཚད་ལེན། ཟུར་འཇོག སྨན་བཅོས་གཏན་འཁེལ་བཅས་ཀྱི་ནད་དཔེ་ངོས་འཛིན་དང་།  འབྲེལ་འདྲིས་ཆེ་བའི་མི་བཤེར་འཚོལ་གྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཞེས་བཤད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།