ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱི་འཕུར་མདའ་འགའ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་དུ་འཕུར་མདས་འཇབ་རྒོལ་བྱས་པ་དང་། སི་རི་ཡཱའི་འཕུར་མདའི་མཁའ་སྲུང་མ་ལག་གིས་འཕུར་མདའ་འགའ་བཀག་འགོག་བྱས། 

བསྒྲགས་པ་ལྟར་ན། ཚེས་སོ་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ཉེར་ལྔའི་སྟེང་། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ལེ་པཱ་ནུན་གྱི་མཁའ་ཁོངས་ནས་ཧའོ་མུའུ་སི་ཞིང་ཆེན་ཤར་ཕྱོགས་ས་ཁུལ་དུ་འཕུར་མདས་འཇབ་རྒོལ་བྱས། སི་རི་ཡཱའི་འཕུར་མདའི་མཁའ་སྲུང་མ་ལག་གིས་འཕུར་མདའ་འགའ་བཀག་འགོག་བྱས་ཡོད་ཟེར། 

གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇི་རུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་ཧའོ་མུའུ་སི་ཞིང་ཆེན་གྱི་ཧྲ་དབྱེ་ལཱ་ཐི་དམག་བཀོལ་གནམ་གྲུ་ཐང་ལ་འཕུར་མདའ་བརྒྱད་འཕངས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།