ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འཛམ་གླིང་ཡོངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་པྲོག་གསར་རིམས་ནད་ལ་ཁ་གཏད་འཇལ་དགོས་པར་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ཚུན་ལ་འཕྲད་པའི་ཚོད་བགམ་ཆེ་ཤོས་ཤིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ལ་ཤུགས་བསྣན་ནས་མཉམ་དུ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཀུའུ་ཐི་ལེ་སི་ཡིས་བརྙན་ལམ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《འགན་འཁྲི་མཉམ་འཁུར་དང་གོ་ལ་ཧྲིལ་པོའི་ངག་ཐོག་གི་རྒྱབ་སྐྱོར་ལ་བརྟེན་ནས་གློ་ཚད་རིམས་ནད་གསར་པར་ཁ་གཏད་གཅོག་པའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཤུགས་རྐྱེན》ཞེས་པའི་སྙན་ཞུ་ཡོངས་བསྒྲགས་བྱས། ཁོས་ཤིས་ཚིག་ནང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཚུན་གྱི་ཚོད་བགམ་ཆེ་ཤོས་ཀྱི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ནུས་ལྡན་གྱི་སྒོ་ནས་ཁ་གཏད་གཅོག་དགོས། རྡོག་རྩ་གཅིག་སྒྲིལ་གྱིས་ཆབ་སྲིད་ཀྱི་རོལ་རྩེད་དོར་ནས་དཀའ་ངལ་ཤེས་རྟོགས་ཡོང་བར་བྱས་ན། གཞི་ནས་ཉམས་ཉེན་དེ་ལས་རྣམ་པར་རྒྱལ་ཐུབ་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས2020ལོ་དང2021ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྔོན་དཔག་ལ་བསྐྱར་དུ་དཔྱད་འཇོག་བྱས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས། དེར་བརྟེན། སྙན་ཞུའི་ནང་འཛམ་གླིང་ཡོངས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པར་ཉུང་མཐར་ཡང་གོ་ལ་ཧྲིལ་པོའི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི་བཅུ་ཟིན་དགོས་པར་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན། རིམས་ནད་ཀྱིས་ཉམས་ཞན་རྒྱལ་ཁབ་དང་ཚོགས་སྤྱིར་ཤུགས་རྐྱེན་ཚབས་ཆེན་བཟོས་པས། ངེས་པར་དུ་བློ་ཐག་རྦད་ཆོད་དང་བསྟུན་མཁས་རང་བཞིན། གསར་གཏོད་རང་བཞིན་བཅས་ལྡན་པའི་སྲིད་ཇུས་སྤྱད་ནས་། ཚད་གཞི་མཐོ་ཤོས་ཀྱི་དངུལ་རྩ་དང་ལག་རྩལ་གྱིས་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཁག་གིས་བུད་མེད་དང་རྒན་འཁོགས། གླ་ཕོགས་དམའ་བའི་བཟོ་པ། ཁེ་ལས་ཆུང་འབྲིང་། དེ་བཞིན་མི་ཆོས་ཉམས་ཉེན་དང་གདོང་གཏུག་ཁོར་ཡུག་བཅས་སུ་གནས་པའི་མི་སྣ་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱ་དགོས། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ད་དུང་བདེ་ཐང་དང་ལས་ཤོར་ཉེན་ཚབས་མཁོ་འདོན་བྱེད་དགོས་པ་དང་། སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པར་མ་ཟད། ཁེ་ལས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀུའུ་ཐི་ལེ་སི་ཡིས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་སྐོར་གླེང་སྐབས་བཤད་རྒྱུར། མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཛུབ་ཁྲིད་འོག་ཏུ་རྒྱལ་ཁབ་ཚང་མས་མཐུན་སྦྱོར་གཅིག་གྱུར་བྱེད་པའི་ལག་ལེན་ཞིག་ཆགས་མེད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱེད་པའི་གོ་ལ་ཧྲིལ་པོའི་ཇུས་གཞི་ཞིག་ཀྱང་བཏོན་མེད་ཟེར།ཁོས་ནན་གྱིས་བསྟན་དོན། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དར་རྒྱས་མིན་པའི་རྒྱལ་ཁབ་ལ་འཕྲོད་བསྟེན་ཁོངས་གཏོགས་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཚོད་འཛིན་ནུས་ལྡན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐེབས་རྩ་བསྐྱར་འཛུགས་བྱས་ནས། ཉམས་ཉེན་དེས་མིའི་རིགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཚད་དེ་ཚད་གཞི་ཆེས་མཐོ་བའི་སྒོ་ནས་ཆུང་དུ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།