ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཟླ3པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱིས་ཤི་བའི་ནད་པ་ཁྲི4ལས་བརྒལ།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཟླ3པའི་ཚེས31ཉིན་གྱི་དུས་ཚོད13དང་སྐར་མ55བར་དུ(པེ་ཅིང་གི་དུས་ཚོད་ཟླ4པའི་ཚེས1ཉིན་གྱི་དུས་ཚོད1དང་སྐར་མ55) འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ823479ལ་སླེབས་ཤིང་ཚེ་འདས་ནད་པ40708ལ་སླེབས་ཡོད་པ་རེད།
ཡང་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཨ་རི་ནི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་པའི་རྒྱལ་ཁབ་ཡིན་ལ་ནད་པ175067ལ་སླེབས་ཤིང་པྲོག་གསར་གློ་ཚད་ཀྱིས་ཤི་བའི་ནད་པ3415ཡོད་པ་དང། དབྱི་ཐ་ལི་ནི་ཚེ་འདས་ནད་པ་ཆེས་མང་བའི་རྒྱལ་ཁབ་ཡིན་ལ་ཚེ་འདས་མི་གྲངས12428ལ་སླེབས་ཤིང་ནད་རྟགས་ཐག་བཅད་པའི་ནད་པ105792ཡོད།
གཞི་གྲངས་འདི་དག་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལས་མངོན་པ་རེད། །