ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་གཅིག་ཇེ་མང་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་དགུའི་ཉིན་གྱི་ཉིན་གུང་བར། དབྱི་ལིང་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་གཅིག་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གསུམ་དང་སྟོང་བརྒྱད་སུམ་བརྒྱ་དགུར་བསླེབ་ཡོད། དེའི་ནང་ནད་པ་སྟོང་གཉིས་དང་དྲུག་བརྒྱ་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་གོ་གཅིག་དྲག་སྐྱེད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།