ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་རིམས་འགོག་འཆར་གཞི་གཏན་འབེབས་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱེད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་འཆར་གཞི་གཏན་འབེབས་བྱས་ཤིང་། འགུལ་སྐྱོད་མཐུན་སྦྱོར་བྱས་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དཀའ་ཁག་ལས་བརྒལ་བར་རོགས་རམ་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བརྙན་རིས་བརྒྱུད་དེ་ཐེངས་འདིའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས། ཁོས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མིའི་རིགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བར་འཐབ་རྩོད་བྱེད་བཞིན་ཡོད་ཀྱང་ཕམ་ཉེས་ཡང་ཡང་ཐེབས་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་འཆར་གཞི་གཏན་འབེབས་བྱེད་དགོས་པའི་རེ་བ་བཏོན། ཁོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྐྱེན་སྲོལ་གཏན་འབེབས་བྱས་ཤིང་། འགུལ་སྐྱོད་མཐུན་སྦྱོར་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་འགོག་བཅོས་ནུས་པ་མཐོར་འདེགས་བྱེད་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་བཤད་རྒྱུར། གང་མགྱོགས་སྒོས་ནད་དུག་འགོ་བར་ཚོད་འཛིན་བྱེད་པ་དེ་ངེས་པར་དུ་ཐུན་མོང་གི་འཐབ་ཇུས་སུ་འགྱུར་དགོས། རྒྱལ་ཁབ་ཚང་མས་ངེས་པར་དུ་ནད་དུག་ཚད་འཇལ་ཞིབ་བཤེར་དང་རྗེས་འདེད། མི་སྣ་ཁ་ཁར་བྱེད་པ། གསོ་བཅོས་བྱེད་པ། མིའི་འབྲེལ་འདྲིས་ལ་ཚོད་འཛིན་བྱེད་པ་བཅས་ཟུང་དུ་འབྲེལ་དགོས་པར་མ་ཟད། ངེས་པར་དུ་རིམས་ནད་ཀྱི་འགོག་སྨན་ཐོན་རག་བར་དུ་ཕྱོགས་སོ་སོའི་བཀག་སྡོམ་བྱེད་ཐབས་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། ནད་དུག་འགོ་བར་ཕན་ནུས་ལྡན་པར་བཀག་འགོག་བྱེད་པ་ལ་ཁག་ཐེག་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་ཏེ། ཉམས་ཉེན་འདས་རྗེས་རྒྱུན་མཐུད་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།