ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་བརྒྱད་དུ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་རིམས་ནད་འགོག་བཅོས་ཚོད་འཛིན་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཉིན་དེའི་ནམ་གུང་བར། འཇར་མན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་བརྒྱད་དུ་འཕར་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་བཞི་དང་དགུ་བརྒྱ་ང་བཞི་ཇེ་མང་ལ་སོང་ཡོད་ལ། ནད་པ་བརྒྱ་དང་གོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གི་མགོ་བ་ཝེ་ལི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་དུ་ཉུང་མཐར་ཡང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་ལྔ་དང་དགུ་བརྒྱ་དྲག་སྐྱེད་བྱུང་ཡོད་ཟེར། 

འཇར་པན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། འཇར་མན་གྱིས་ཉེ་སྔོན་དབྱི་ཐཱ་ལེ་ནས་ཡོང་བའི་ནད་པ་ལྗིད་མོ་ཞེ་བདུན་དང་ཧྥ་རན་སི་ནས་ཡོང་བའི་ནད་པ་ལྗིད་མོ་འགའ་བསྡུ་ལེན་བྱས་ཏེ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉིན་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཁྲིད་དཔྱོད་པུའུ་ཡིས་ཉེ་སྔོན་ཁྱབ་སྒྲོག་བྱས་དོན། འཇར་མན་གྱིས་མ་དངུལ་ཡོ་སྒོར་དུང་ཕྱུར་དང་གཅིག་བྱེ་བ་ལྔ་བཏང་སྟེ། སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་མང་བོས་གྲུབ་པའི་ཞིབ་འཇུག་མ་ལག་ཅིག་བཙུགས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་འབྲེལ་ཡོད་ཞིབ་འཇུག་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། དེ་ལས་གཞན་ཟླ་བཞི་བར་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད་པའི་ཧན་ནོའུ་ཝེ་བཟོ་ལས་འགྲེམ་སྟོན་ཚོགས་འདུ་དེ་ཚེས་ཉེར་དྲུག་ཉིན་རྩིས་མེད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།