ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བརྒྱ་དང་ལྔ་བརྒྱ་སོ་དགུར་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་དམག་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་གསར་བའི་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་བརྒྱད་དང་ལྔ་བརྒྱ་སོ་དགུར་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བརྒྱ་དང་བརྒྱ་རེ་ལྔར་བསླེབ་ཡོད། ནད་པ་ཁྲི་གཅིག་དང་སུམ་བརྒྱ་རེ་གཅིག་དྲག་སྐྱེད་བྱུང་ཡོད་ཟེར། 

སྡེ་ཁག་དེས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་དྲུག་བརྒྱ་དང་རེ་གཉིས་འཕར་བ་དང་། ནད་བརྟག་ངོས་འཛིན་བྱས་པ་དང་དྲག་སྐྱེད་བྱུང་བའི་ནད་པ་སོ་སོར་སྔ་ཉིན་ལས་སྟོང་དྲུག་དང་བརྒྱ་ང་གསུམ་དང་དགུ་བརྒྱ་གོ་དགུ་ཇེ་མང་དུ་སོང་ཡོད་ཟེར། 

ད་ཡོད་ཀྱི་ནད་པའི་ཁྲོད་དུ་ནད་པ་ཡང་མོ་ཁྲི་གསུམ་དང་སྟོང་གསུམ་དྲུག་བརྒྱ་ཞེ་བརྒྱད་རང་ཁྱིམ་དུ་བཀག་ཡོད་པ་དང་། ནད་པ་ཁྲི་གཉིས་དང་སྟོང་བཞི་བདུན་བརྒྱ་ང་གསུམ་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། ནད་པ་སྟོང་གསུམ་དང་དྲུག་བརྒྱ་བཅུ་གཉིས་ཀྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།