ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ཚེ་འདས་ནད་པ་ཁྲི་གཉིས་ལས་བརྒལ་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཚེས25ཉིན་གྱི་དུས་ཚོད15བར་དུ(པེ་ཅིང་གི་དུས་ཚོད་ཚེས26ཉིན་གྱི་དུས་ཚོད3) འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་ཚེ་འདས་ནད་པ20550ལ་འཕར་བ་རེད།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་ཚེ་འདས་ནད་པ་ཆེས་མང་པའི་རྒྱལ་ཁབ་ནི་དབྱི་ཐ་ལི་ཡིན་ལ་ནད་ཀྱིས་ཤི་བའི་མི་གྲངས7503ལ་སླེབས་ཡོད། ཀྲུང་གོ་ཕུད་པའི་རྒྱལ་ཁབ་ལས་ཚེ་འདས་ནད་པ་ཅུང་མང་བ་ནི་ཞི་པན་ཡ། དབྱི་རན། ཧྥ་རན་སི་བཅས་རེད།

གཞི་གྲངས་འདི་དག་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་གིས་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་པའི་གཞི་གྲངས་ལས་མངོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།