རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་བརྙན་རིས་གྲོས་ཚོགས་ཀྱི་ཐབས་ལ་བརྟེན་ནས་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཚེས་ཚེས་ཉེར་དྲུག་བརྙན་རིས་གྲོས་ཚོགས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ལས་གཞན། སི་ཕན་དང་ཅོར་ཏན། སིང་ག་ཕོར། སུའེ་ཙེར་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར། 

དེ་ལས་གཞན་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་། ཨ་ཧྥེ་རི་ཁ་གླིང་གི་གྲོགས་པོ་གསར་བ་ཇེ་མང་དུ་གཏོང་བའི་འཆར་གཞི་སོགས་ས་ཁོངས་རྩ་འཛུགས་ཀྱི་འཐུས་མི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་ཡང་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།