ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས2021ལོར་ཕྱིར་འགྱངས་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏི་ཁེ·ཕང་ཏེ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས23ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2020ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས2021ལོར་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་དང་། འབྲེལ་ཡོད་གནས་ཚུལ་གཟའ་འཁོར་བཞིའི་ནང་གཏན་འཁེལ་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཕང་ཏེས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། “རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལ་གཞིགས་ནས། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཕྱིར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། འོན་ཀྱང་ངས་ཤེས་པ་ནི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དེ་ཟླ7ཚེས24ཉིན་ནས་འགོ་བརྩམ་མི་སྲིད”ཅེས་བཤད།

ཏི་ཁེ·ཕང་ཏེ་ནི་ལོ་བཅུ་ཕྲག་རིང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཤུགས་རྐྱེན་ལྡན་པའི་ཁོངས་མིའི་གྲས་ཤིག་རེད། ཁོང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་རྗེས་ཕྱོགས་ཀྱི་བྱ་བ་མགྱོགས་མྱུར་ངང་ཁྱབ་བསྒྲགས་བྱ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས། དེའི་ཡར་སྔོན་དུ་ཁ་ན་ཏ་དང་ཨོ་སི་ཁྲུ་ལི་ཡས་ད་ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ལ་མི་ཞུགས་པའི་ཁྱབ་བསྒྲགས་བྱས་པ་དང་། ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཀྱང་ཟླ3པའི་ཚེས22ཉིན་ཟླ་བ་གཅིག་གི་ནང་ཚུན་དུ་མིག་སྔའི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་འདེམས་བྱ་རྒྱུ་ཡིན་པ་དང་། ཕྱིར་འགྱངས་བྱ་རྒྱུ་ནི་གྲ་སྒྲིག་འཆར་གཞིའི་ཁྲོད་ཀྱི་གཅིག་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།