ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་གསང་སྟབས་ཀྱིས་ཁཱ་པོར་ལ་འཚམས་འདྲི་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་གྲོས་མོལ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་གྲོས་མོལ་ཁྲོད། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས། ཆབ་སྲིད་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཐེངས་འདིའི་འཚམས་འདྲི་ནི་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་རྩ་འཛུགས་བར་གྱི་ཞི་བདེའི་གྲོས་མོལ་ཛ་དྲག་གི་གནས་སུ་ལྷུང་སྟེ་ཨ་ཧྥུའུ་ཧན་ཆབ་སྲིད་ཟང་ཟིང་གི་གནས་སུ་ལྷུང་བའི་སྐབས་ལ་འཁེལ་ཡོད། ཅཱ་ནེ་དང་ཁོའི་འགྲན་ཡ་སྲིད་གཞུང་སྔོན་ཆད་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་སོ་སོར་དམ་བཅའ་བཞག་སྟེ་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་འགན་ཁུར་ཡོད། ཨ་པུའུ་ཏུའུ་ལཱ་ཡིས་དེའི་སྔོན་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་རང་ཉིད་ཕམ་པ་ཁས་ལེན་མ་བྱས་པ་དང་། འདེམ་བསྐོའི་ཁྲོད་དུ་ཚུལ་མིན་གྱི་བྱ་སྤྱོད་ཡོད་པར་བསམ་ནས། རང་སྟེང་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་དུ་བདམས་པ་ཁྱབ་སྒྲོག་བྱས་པ་རེད། 

ཨ་ཧྥུའུ་ཧན་གྱི་སྐྱ་རེངས་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཚོད་དཔག་བྱས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཨ་པུའུ་ཏུའུ་ལ་དང་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།