ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རང་ཁྱིམ་དུ་བཀག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202003230947331QE1.jpg

འདི་ནི་ཟླ3པའི་ཚེས11ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་འཇར་མན་གྱི་རྒྱལ་ས་པའོ་ལིན་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་པའི་རྒྱུ་ཆའི་པར་རིས་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་སེ་པེ་ཐི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཉེ་སྔོན་འབྲེལ་འདྲིས་བྱས་པའི་སྨན་པ་ཞིག་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་གཏན་འཁེལ་བྱས་པས། ཙུང་ལི་མའོ་ཁི་ཨར་རང་ཁྱིམ་དུ་བཀག་ཡོད་ཟེར། 

སེ་པེ་ཐི་ཡིས་བཤད་རྒྱུར། མའོ་ཁི་ཨར་གྱིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གསར་འགོད་པར་ཐུག་འཕྲད་བྱས་རྗེས་དོན་དེ་ཤེས་པ་རེད། ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། སྨན་པ་དེས་མའོ་ཁི་ཨར་ལ་གློ་བའི་གཉན་ཚད་སྒོང་སྲིན་གྱི་འགོག་སྨན་བརྒྱབ་པ་དང་། མིག་སྔར་སྨན་པ་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པར་གཏན་འཁེལ་བྱས་ཡོད་ཟེར། 

སེ་པེ་ཐི་ཡིས་བསྟན་དོན། མའོ་ཁི་ཨར་གྱིས་མ་འོངས་པའི་ཉིན་འགའི་ནང་ཞིབ་བཤེར་སྣ་ཚོགས་དང་ལེན་བྱེད་རྒྱུ་ཡིན་པ་དང་། རང་ཁྱིམ་དུ་སྡོད་པའི་སྐབས་སུ་ཁོ་མོས་སྔར་བཞིན་གཞུང་དོན་ཐག་གཅོད་བྱེད་རྒྱུ་རེད་ཟེར། 

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། མའོ་ཁི་ཨར་དང་འཇར་མན་གྱི་ཀྲིག་སོ་སོའི་ཀྲིག་ཀྲང་གིས་བརྙན་རིས་གྲོས་ཚོགས་བསྡུས། བརྙན་རིས་གྲོས་ཚོགས་གྲོལ་རྗེས་ཁོ་མོས་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱས་དོན། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཆེད། རྒྱལ་ཡོངས་སུ་འགོག་སྲུང་བྱེད་ཐབས་ནན་མོ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མི་དང་མིའི་བར་གྱི་འབྲེལ་འདྲིས་བཀག་འགོག་བྱེད་པའང་འདུས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།