ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོར་རྡོ་སྣུམ་མཁོ་འདོན་བྱེད་པ་སླར་གསོ་བྱེད་པའི་ཐད་ནས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་དཀར་པོའི་ཙུང་ལི་ལུའུ་མཱ་སི་ཡིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཆུང་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་རྡོ་སྣུམ་མཁོ་འདོན་སླར་གསོ་བྱེད་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པ་ཁས་ལེན་བྱས། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཁ་པར་བརྒྱུད་དེ་གྲོས་མོལ་བྱེད་སྐབས་ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་གཉིས་ཀྱི་རྡོ་སྣུམ་མཁོ་འདོན་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར་ཡང་། ཨུ་རུ་སི་དཀར་པོའི་སྲིད་གཞུང་གི་གསར་འགྱུར་ཅུའུ་ཡིས་རྡོ་སྣུམ་མཁོ་འདོན་དང་འབྲེལ་བའི་བྱེ་བྲག་གི་ནང་དོན་བསྒྲགས་མེད། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོར་རྡོ་སྣུམ་མཁོ་འདོན་བྱེད་པའི་གྲོས་གཞིར་ཡིད་འཐད་བྱུང་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་རྡོ་སྣུམ་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པའི་གྲོས་མཐུན་བཀོད་ཡོད་པ་དང་། གྲོས་མཐུན་དེས་ཨུ་རུ་སི་ཡིས་ཨུ་རུ་སི་དཀར་པོའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭར་རྡོ་སྣུམ་འདང་ཚིམས་པ་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།