ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕུད་པའི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ210644ལ་འཕར་ཡོད་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125752020_15849261271321n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཀྲུང་གོ་ཕུད་པའི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ210644ལ་འཕར་བ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་རྒྱུད་ཀྱི་དུས་ཚོད་ཚེས21ཉིན་གྱི་དུས་ཚོད23དང་སྐར་མ59བར་དུ(པེ་ཅིང་གི་དུས་ཚོད་ཚེས22ཉིན་གྱི་དུས་ཚོད06དང་སྐར་མ59)ཀྲུང་གོ་ཕུད་པའི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས25987ཇེ་མང་དུ་ཕྱིན་ཏེ་ནད་པ210644ལ་སླེབས་པ་རེད།  ཀྲུང་གོ་ཕུད་པའི་ཚེ་འདས་ནད་པ་སྔོན་ཉིན་ལས1594ཇེ་མང་དུ་ཕྱིན་ཏེ9517ལ་སླེབས་ཡོད།

 གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་སྔོན་ཉིན་ལས26069ཇེ་མང་དུ་ཕྱིན་ཏེ་ད་ལྟ་ནད་པ292142ལ་སླེབས་པ་དང་། ཚེ་འདས་ནད་པ་སྔོན་ཉིན་ལས1600འཕར་ཏེ་ད་ལྟ12784ལ་སླེབས་ཡོད།

འདས་ཟིན་པའི་ཆུ་ཚོད24ཡི་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ4ཡིས་ནད་རྟགས་ཐག་བཅད་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས་པ་རེ་རེ་ནི་མ་ཏ་ཀ་སི་ཁར་དང་། ཨན་ཀོ་ལ། ཨེ་རི་ཐེ་ལི་ཡ། ཝུ་ཀན་ཏ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།