ཨ་རིར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ་ཁྲི3ལས་བརྒལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས22ཉིན་ཨ་རིའི་ཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས22ཉིན་གྱི་ཆུ་ཚོད15བར་དུ(པེ་ཅིང་གི་དུས་ཚོད་ཚེས23ཉིན་གྱི་ཆུ་ཚོད3པར)ཨ་རིར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་ཐག་བཅད་པའི་ནད་པ31057ལ་འཕར་ཞིང་ཚེ་འདས་ནད་པ390ཡོད་པ་རེད།

གཞི་གྲངས་ལྟར་ན། ཉིའུ་ཡའོ་མངའ་སྡེ་ནི་ནད་རྟགས་ཐག་བཅད་པའི་ནད་པ་ཆེས་མང་བ་དེ་ཡིན་ལ་བསྡོམས་པས་ནད་པ15783དང་ཚེ་འདས་ནད་པ114ཡོད་པ་དང་། ཝ་ཧྲིང་ཐོན་མངའ་སྡེ་རུ་ནད་རྟགས་ཐག་བཅད་པའི་ནད་པ1793དང་ཚེ་འདས་ནད་པ94ཡོད། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེ་རུ་ནད་རྟགས་ཐག་བཅད་པའི་ནད་པ1547དང་ཚེ་འདས་ནད་པ28ཡོད་པ་རེད།

 གཞི་གྲངས་འདི་ནི་སློབ་ཆེན་དེ་གའི་པྲོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་ཕྱོགས་བསྡུས་བྱས་པའི་ཨ་རིའི་མངའ་སྡེ་སོ་སོའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་ཐོབ་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།