ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གསུམ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས19ཉིན། ཨ་མེ་རི་ཁའི་ཧྥོ་ཅི་ནེ་ཡཱ་ཀྲིག་གི་ཨ་ལིན་ཏོན་ནས། སྨན་བཅོས་མི་སྣས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཞིབ་བཤེར་བྱེད་ས་ཞིག་ནས་རླངས་འཁོར་ལ་བཀོད་འདོམ་བྱེད་བཞིན་པ། 

ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཅིན་ཕུའུ་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་བར། ཨ་མེ་རི་ཁ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་སྟོང་གསུམ་དྲུག་ཅུར་བསླེབས་པ་དང་། ནད་པ་བརྒྱ་དང་དོན་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཞི་གྲངས་དེ་ནི་སློབ་ཆེན་དེས་ཏོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་ཕྱོགས་བསྡུས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་གནས་ཚུལ་གྱི་སྙན་ལས་ཐོན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།