ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་སི་རི་ཡཱའི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་བཀག་སྡོམ་མེད་པར་བཏང་སྟེ། སི་རི་ཡཱ་ཡིས་ཉིན་རེར་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་འཇིགས་ཉེན་ཐག་གཅོད་གང་ལེགས་བྱེད་པར་སྟབས་བདེ་བཟོ་དགོས་ཟེར། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་སི་རི་ཡཱའི་བཀག་སྡོམ་ལ་ཤུགས་སྣོན་བྱས་པ་དང་། བྱེད་ཐབས་རེ་འགའ་འགྲོ་མིའི་ཐོབ་ཐང་དང་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་འགལ་ཡོད་པ་དང་། སི་རི་ཡཱའི་མི་དམངས་ཀྱི་འཚོ་བ་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པས། སི་རི་ཡཱ་ཡིས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོའི་རྒྱལ་ཁབ་དག་གིས་མྱུར་དུ་འབྲེལ་ཡོད་ཀྱི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་བསྟན་དོན། སི་རི་ཡཱའི་མངའ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བྱུང་མེད་ཟེར། 

མིག་སྔར་དབྱི་རག་དང་ལེ་པཱ་ནུན་སོགས་སི་རི་ཡཱའི་ཁྱིམ་མཛེས་རྒྱལ་ཁབ་དག་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།