ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གསུམ་དང་སྟོང་དྲུག་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གསུམ་དང་སྟོང་ལྔ་བདུན་བརྒྱ་བཅུ་གསུམ་དུ་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་གཉིས་དང་དགུ་བརྒྱ་དོན་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་ནད་པ་སྟོང་བཞི་དང་ཉེར་ལྔ་དྲག་སྐྱེད་བྱུང་ཡོད་ཟེར། 

སྡེ་ཁག་དེས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་བཞི་དང་ཉིས་བརྒྱ་ཐིག་བདུན་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་བཞི་བརྒྱ་དང་དོན་ལྔ་ཇེ་མང་དུ་སོང་ཡོད་ལ། རིམ་རྩིས་ཀྱིས་དྲག་སྐྱེད་བྱུང་བའི་ནད་པ་སྔ་ཉིན་ལས་སྟོང་གཅིག་དང་གྱི་བཞི་འཕར་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ངོས་འཛིན་བྱས་པའི་ནད་པའི་ཁྲོད། ནད་པ་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་རེ་གསུམ་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་སྟོང་གཉིས་དང་ཉིས་བརྒྱ་ང་བདུན་གྱིས་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་ཁྲི་གཅིག་དང་སྟོང་གཉིས་དགུ་བཅུ་རང་ཁྱིམ་དུ་བཀག་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།