ཀྲུང་གོ་བོད་ཀྱི་དྲ་བ།

ཏན་མག་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏན་མག་རྒྱལ་ཁབ་འཕྲོད་བསྟེན་ཅུའུ་ཡིས་ཚེས་བཅོ་བརྒྱད་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔའི་བར། ཏན་མག་ཏུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་ང་བདུན་ལ་བསླེབ་ཡོད་པ་དང་། ནད་པ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙི་ལི་ཁི་སིན་གྱིས་ཚེས་བཅུ་བདུན་ཉིན་ཏན་མག་གིས་སྔར་ལས་ལྷག་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་འགོག་བཅོས་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཚེས་བཅོ་བརྒྱད་ཉིན་གྱི་དུས་ཚོད་བཅུ་ནས་བཟུང་མི་བཅུའི་ཡན་མཉམ་དུ་འདུ་བར་གཏན་འགོག་བྱེད་རྒྱུ་དང་། ཟ་ཁང་དང་ཆང་ཁང་། མཛེས་སྤྲས་ཁང་། ལུས་སྦྱོང་ཁང་སོགས་ཀྱི་སྒོ་བརྒྱག་རྒྱུ་ཁྱབ་སྒྲོག་བྱས། 

ཏན་མག་ཉེན་རྟོག་ཕྱོགས་ཀྱིས་སྐོར་གཡེང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། གཏན་འགོག་བཀའ་རྒྱ་དང་འགལ་བའི་མི་སྒེར་རེར་ཏན་མག་གི་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱའི་ཆད་པ་གཅོད་རྒྱུ་ཡིན་ལ། སྒོ་བརྒྱག་པའི་བཀའ་རྒྱ་དང་འགལ་ཏེ་ཚོང་གཉེར་བྱེད་མཁན་ལ་ཏན་མག་གི་སྒོར་མོ་སྟོང་ལྔའི་ཆད་པ་གཅོད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།