ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་སར་མེ་ཤུགས་འཕུར་མདའ་ཡིས་འཇབ་རྒོལ་ཕོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་གྱི་དགོང་མོར་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་མེ་ཤུགས་འཕུར་མདའ་གསུམ་གྱི་འཇབ་རྒོལ་ཐེབས་ཀྱང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད།

དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཚེས17ཉིན་གྱི་དགོང་མོར“ཁ་ཆིའུ་ཧྲ”རྟགས་ཅན་གྱི་མེ་ཤུགས་འཕུར་མདའ3པ་ཀི་ཏ་གྲོང་ཁྱེར་གྱི་ལྟེ་གནས“སྔོ་ལྗང་ཁུལ”དུ་འཇབ་རྒོལ་ཕོག་ཀྱང་མི་ཤི་རྨས་བྱུང་མེད་ཅེས་བཤད། འཇབ་རྒོལ་ཐེབས་རྗེས“སྔོ་ལྗང་ཁུལ”དུ་ཉེན་བརྡ་གྲགས་པ་རེད།

 མིག་སྔར་རྩ་འཛུགས་དང་མི་སྒེར་གང་ཞིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་འདི་བཟོས་པ་ཁྱབ་བསྒྲགས་བྱས་མེད།

 “སྔོ་ལྗང་ཁུལ”དེ་པ་ཀི་ཏ་གྲོང་ཁྱེར་གྱི་ལྟེ་བར་གནས་ཤིང་དབྱི་རག་སྲིད་གཞུང་གི་ལས་ཁུངས་ཁག་དང་དབྱི་རག་ཏུ་སྡོད་པའི་ཨ་རི་དང་དབྱིན་ཇིའི་གཞུང་ཚབ་ཁང་ཆེན་མོ་བཅས་ཀྱི་གནས་ཡུལ་ཡིན་པ་རེད།

 ཚེས17ཉིན་གྱི་སྔ་དྲོར་པ་ཀི་ཏའི་ཤར་ལྷོའི་རྒྱུད་དུ་གནས་པའི་དམག་དོན་རྟེན་གཞི་ཞིག་ལ་མེ་ཤུགས་འཕུར་མདའ 2གྱིས་འཇབ་རྒོལ་ཐེབས་ཀྱང་མི་སྣར་ཤི་རྨས་བྱུང་མེད། རྟེན་གཞི་དེ་རུ་ཐལ་སྐྱོད་རྩ་འཛུགས་ལ་རྡུང་རྡེག་གཏོང་བའི“དབྱི་སི་ལམ་རྒྱལ་ཁབ”རྒྱལ་སྤྱིའི་མནའ་འབྲེལ་དཔུང་སྡེ་བཅའ་སྡོད་བྱས་ཡོད་པས་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།