ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་ནད་དཔེ་ཁྲི10ལས་བརྒལ་ཡོད་པ་རེད།
ཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས16ཉིན་གྱི་ཆུ་ཚོད19དང་སྐར་མ30ཡི་བར(པེ་ཅིང་གི་དུས་ཚོད་ཚེས17ཉིན་གྱི་ཆུ་ཚོད7དང་སྐར་མ30བར)གོ་ལ་ཧྲིལ་པོར་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་ནད་དཔེ181377ལ་འཕར་བ་དང་ཀྲུང་གོ་མ་གཏོགས་པའི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི10ལས་བརྒལ།
འཛམ་གླིང་དུ་ཀྲུང་གོ་མ་གཏོགས་པའི་གཏན་འཁེལ་བྱས་པའི་ནད་དཔེ་ཆེས་མང་པའི་རྒྱལ་ཁབ5ནི་དབྱི་ཐ་ལི་དང་། དབྱི་རན། སི་ཕེན། ཧན་གོ འཇར་མན་བཅས་ཡིན་ལ། ཀྲུང་གོ་མ་གཏོགས་པའི་ཤི་ཚད་ཆེས་མང་པའི་རྒྱལ་ཁབ་5ནི་དབྱི་ཐ་ལི་དང་། དབྱི་རན། སི་ཕེན། ཧྥ་རན་སི། ཨ་རི་བཅས་ཡིན་པ་རེད།
གཞི་གྲངས་འདི་དག་ནི་ཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་པྲོག་དབྱིབས་ནད་དུག་གསར་པར་ཞིབ་འཇུག་བྱེད་སྐབས་རྒྱལ་ཁབ་ཁག་གི་གཞུང་ཕྱོགས་ཀྱིས་རིམས་ནད་གནས་ཚུལ་ཡར་ཞུ་བྱས་པའི་གཞི་གྲངས་ལ་སྐབས་ཐོག་ཏུ་ཕྱོགས་སྡོམ་བྱས་པ་ལས་ཐོབ་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་ལྟར་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ནི་ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཆུ་ཚོད10(པེ་ཅིང་གི་དུས་ཚོད་ཆུ་ཚོད17པ)ཐོག་འབྱོར་བའི་རྒྱལ་ཁབ་སོ་སོའི་སྙན་ཞུར་ཚད་གཞི་འཛིན་པ་རེད། །
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་གཏན་འཁེལ་བྱས་པའི་པྲོག་གསར་གློ་ཚད་ཀྱི་ནད་དཔེ་ཁྲི10ལས་བརྒལ་བ།