ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཉིན་གཅིག་རིང་དགུ་བརྒྱ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཝེ་ལིང་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བཤད་རྒྱུར། ཧྥ་རན་སི་རུ་ཉིན་དེར་གསར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དགུ་བརྒྱ་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་ལྔ་དང་བཞི་བརྒྱར་བསླེབ་ཡོད་ཟེར། 

ཝེ་ལིང་གིས་བཤད་རྒྱུར། ཧྥ་རན་སི་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་ད་ང། སྔ་ཉིན་ལས་ནད་པ་ཉེར་དགུ་ཇེ་མང་དུ་སོང་ཡོད་ཟེར། 

ཧྥ་རན་སིའི་ཁྲིམས་འཛིན་པུའུ་ཀྲང་པེ་ལུའུ་པེ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཞུ་གཏུག་གྱོད་དོན་ཆེན་མོ་ལས་གཞན་ཁྲིམས་ཁང་ཚང་མས་སྒོ་བརྒྱག་དགོས་ཟེར། ནང་སྲིད་པུའུ་ཡིས་ཉིན་དེར་རླངས་འཁོར་ཁ་ལོ་བའི་རྒྱུགས་ལེན་དེ་དུས་ངེས་མེད་དུ་ཕྱིར་འགྱངས་བྱེད་རྒྱུའི་བརྡ་ཐོ་བཏང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།