ཐུར་ཁེ་དང་ཨུ་རུ་སི་ཡིས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ནས་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེ་དང་ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གཞུང་ལམ་བཞི་བའི་འགྲམ་བརྒྱུད་དུ་ཐོག་དང་པོར་མཉམ་འབྲེལ་སྐོར་གཡེང་བྱས། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། མཉམ་འབྲེལ་སྐོར་གཡེང་ནི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གསུམ་པའི་ཚེས་ལྔ་ཉིན་མའོ་སི་ཁི་ནས་བཀོད་པའི་གྲོས་མཐུན་གྱི་ཁག་ཅིག་ཡིན་ཟེར། 

ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཐུར་ཁེ་དང་ཨུ་རུ་སི་ཡིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་འཁྲུག་རྩོད་མཚམས་འཇོག་པའི་བྱེ་བྲག་གི་ནང་དོན་ལ་གྲོས་མཐུན་བཀོད་ཡོད་ལ། ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་དབྱེ་ཏི་ལེ་པུའུ་ནས་འཁྲུག་རྩོད་མཚམས་འཇོག་པའི་ནང་དོན་ཞིབ་རྒྱས་སུ་བརྗོད་པའི་སྒྲོམ་གཞིའི་ཡིག་ཆ་བཀོད་ཡོད་པ་དང་། ཡིག་ཆ་དེ་བཀོད་པའི་ཉིན་ནས་ནུས་ལྡན་དུ་གྱུར་ཡོད། ཡིག་ཆའི་ནང་དོན་ལ་ཚེས་བཅོ་ལྔ་ཉིན་དབྱེ་ཏི་ལེ་པུའུ་ཡི་གཞུང་ལམ་བཞི་བའི་སྟེང་ཐོག་དང་པོའི་མཉམ་འབྲེལ་སྐོར་གཡེང་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་ས་ཁུལ་དེ་ནས་མཉམ་འབྲེལ་མཐུན་སྦྱོར་ལྟེ་གནས་འཛུགས་པ་འདུས་ཡོད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།