ཀྲུང་གོ་བོད་ཀྱི་དྲ་བ།

ཏུང་ཅིང་ཨོ་རྩལ་འགྲན་ཚོགས་དུས་ལྟར་འཚོགས་ཐུབ་མིན་ཐད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འདི་ལྟར་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

54fbb2fb43166d2254922490f81652f19152d28c.jpeg

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ།

f11f3a292df5e0fe1a9fb37df0ab6eae5fdf721c.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། ཏུང་ཅིང་ཨོ་རྩལ་འགྲན་ཚོགས་མེད་པར་བཟོ་བའམ་ཡང་ན་དུས་འགྱངས་བྱེད་མིན་ཐད་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསམ་འཆར་ལ་ཉན་རྒྱུ་ཡིན་མོད། འོན་ཀྱང་མིག་སྔར་ཨོ་རྩལ་འགྲན་ཚོགས་སྔར་བཞིན་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད་པ་རེད། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཀེ་རི་སེའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་ཚེས13ཉིན། མི་མང་པོས་རིམས་ནད་འགོག་ཟོན་དང་ཉེན་བརྡ་ལ་དོ་སྣང་མི་བྱེད་པར། དཔལ་འབར་བརྒྱུད་སྤྲོད་ལ་ལྟད་མོ་བལྟས་པས། ཀེ་རི་སེའི་འཕྲོད་བསྟེན་སྡེ་ཚན་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་རྗེས་ཀེ་རི་སེའི་མངའ་ཁོངས་ཀྱི2020ལོའི་ ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཚེས19ཉིན་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་ལ་སྤྲོད་རྒྱུ་ཡིན་མོད། འོན་ཀྱང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ལྟད་མོ་བ་མེད་པར་བཟོས་པ་རེད། དེ་རྗེས་ ཏུང་ཅིང་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གསལ་བསྒྲགས་སྤེལ་ནས་འཇར་པན་མངའ་ཁོངས་ནང་གི་དཔལ་འབར་བརྒྱུད་སྤྲོད་དེ་ཟླ3ཚེས26ཉིན་དུས་ལྟར་བདེ་འཇགས་ངང་སྤེལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།